མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་ཏང་རྩ་འཛུགས་ཚོགས་འདུར་གཙོ་སྐྱོང་གནང་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་དང་། པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་བྱ་བའི་ཀྲུང་དབྱང་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཏེ་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་སྟེང་རྒྱལ་ཡོངས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་སྔར་བས་ཇེ་ལེགས་སུ་འགྲོ་བ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་གྱིས་སླར་གསོ་ཡོང་བའི་གནད་འགག་གི་དུས་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུར་གཙོ་སྐྱོང་གནང་ནས། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་ཞིང་། མིག་སྔའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་བཅས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་མིག་སྔའི་དཔལ་འབྱོར་ལས་དོན་ལ་རྒྱུན་རྣམ་ཅན་གྱི་དམ་འཛིན་བཟང་པོ་བྱེད་པའི་རྩ་བའི་གཞི་འཛིན་སར་མཁོ་འདོན་བྱས་ཡོད། ང་ཚོས་དེ་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་བླང་བྱ་གལ་ཆེན་དང་གཅིག་གྱུར་ཡོང་བ་བྱེད་པ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་བྱ་བའི་མཐུན་སྦྱོར་ལ་དོན་འཁྱོལ་དང་དམ་འཛིན་བྱས་ཏེ་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན། 

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། གློ་བུར་དུ་བྱུང་བའི་རིམས་ནད་ཀྱི་གནོད་འཚེ་ལ་གདོང་གཏད་པས་དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བཟང་ལ་འདི་ལྟ་བུའི་གྲུབ་འབྲས་ཐོབ་པ་ནི་ལས་སླ་པོ་ཞིག་མིན། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་འོག“རྒྱུན་སྐྱོང་བཞི”ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། “བརྟན་འཇགས་དྲུག”གི་ལས་དོན་བཟང་པོ་སྒྲུབ་པ། “འགན་ལེན་དྲུག”གི་བྱེད་ཐབས་ལ་ཤུགས་སྣོན་པ། ཡིད་ཆེས་བརྟན་པོ། རྒྱུན་མཐུད་འབད་བརྩོན་བཅས་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་ཐུབ་པར་འགན་ལེན་བྱེད་དགོས། ནུས་ཤུགས་ཡོད་རྒུ་བཏོན་ནས་རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་བྱེད་པ་དང་། ལས་ཐོན་བསྐྱར་འཛུགས་ཀྱི་ཐོན་ཚད་འཕར་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དཔལ་འབྱོར་གྱི་གཞི་རྩ་བརྟན་འཇགས་སུ་གཏོང་བ། དམངས་ཀྱི་མ་མཐའི་འཚོ་བ་སྲུང་སྐྱོང་། འཕར་གཞི་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་དམ་དུ་འཛིན་པ་བཅས་བྱེད་དགོས། ལས་རིགས་གཙོ་བོ་དང་མང་ཚོགས་ཀྱི་ལས་ཞུགས་ལས་དོན་དམ་འཛིན་བཟང་པོ་བྱས་ཏེ་དམངས་འཚོ་འགན་ལེན་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་དབུལ་ཐར་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་དུས་བཀག་ལྟར་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱེད་དགོས། གོ་སྐབས་དམ་འཛིན་གྱིས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་ཀྱི་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་མཁས་པོ་བྱས་ཏེ་ཁྲོམ་ར་ཅན་གྱི་གྲུབ་ཆའི་བཀོད་སྒྲིག་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། སྲིད་ཇུས་ཀྱི་“མཉམ་སྡེབ”བཟང་པོ་བྱེད་པ་དང་། “སེམས་ཤུགས་ཆེ་རུ་གཏོང་བ།” དུས་སྐབས་བཟང་པོ་དམ་འཛིན་བྱེད་པ། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་དམ་འཛིན་བཟང་པོ་བྱེད་པ། ཕན་ནུས་ལྡན་པའི་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་མིའི་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཤོར་ཟིན་པའི་“སློབ་ཁྲིད”དང་མར་ལྷུང་བའི་མྱུར་ཚད་ཁ་གསབ་བྱེད་པ་བཅས་བྱས་ནས། ཚོད་འཛིན་དང་བཀག་སྡོམ་བྱས་པའི་འཛད་སྤྱོད་དགོས་མཁོ་གློད་ཐུབ་པ་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། རང་འགུལ་ངང་འགན་འཁྲི་འཁུར་བ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། ཁ་ཕྱོགས་གཅིག་མཐུན་གྱིས་ཤུགས་རྒྱག་པ་དང་། སྤྱིའི་བཀོད་འདོམས་ལ་ཤུགས་སྣོན་པ། བྱ་བའི་ཁྲོད་འཕྲད་པའི་འགལ་ཟླ་དང་རྙོག་འཛིང་ཆེ་བའི་གནད་དོན་སྣ་ཚོགས་ཐག་གཅོད་བཟང་པོ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་གྱི་སྤྱི་བའི་བཀོད་འདོམས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པར་བསྟན།

ཚོགས་འདུའི་སྟེང་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལིས་ཅེ་ཞང་དང་ཏང་ཙུའུ་ཁོངས་མི་ཡན་ཅིན་ཧའེ་དང་། ཝང་ལིས་མིང་། དབྱང་ཧྥུང་ཁྲོན། ཝང་ཀྲིན་ཧྲིན། ཀྲང་ལིས། ལིག་ཐའོ། དབྱང་ཀྲི་ཝུན། ཀྲང་ཧོང་ཡོན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།