རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ཁ་གཏད་དབུལ་སྐྱོར་རྫོང་སྟེ་མཚོ་སྔོན་ཞིང་ཆེན་ཆུ་དམར་ལེབ་རྫོང་དབུལ་ཐར་བྱུང་བ།

fa6341f1253841b68ea58ff6a6966e18.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས21ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྤྱི་བསྒྲགས་སྤེལ་ནས་ཆེད་དོན་དཔྱད་དཔོག་ཞིབ་བཤེར་བྱས་པ་བརྒྱུད་ཞིང་ཆེན་ཡོངས་ཀྱི་རྫོང(ཆུས)17དབུལ་ཐར་ཕྱིར་འཐེན་གྱི་ཚད་གཞི་ལོན་ཡོད་པ་རེད། ད་བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང་དབུལ་པོ(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)42ཚང་མ་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱས་པ་རེད། 

ད་ལོར་དབུལ་ཐར་བྱུང་བའི་རྫོང(ཆུས)17ནང་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་གནས་གཏན་འཁེལ་གྱི་དབུལ་སྐྱོར་རྫོང་སྟེ་ཆུ་དམར་ལེབ་རྫོང་ཚུད་ཡོད། ཆུ་དམར་ལེབ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་རྒྱུད་དུ་གནས་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྟེ་བའི་སྲུང་སྐྱོང་ཁུལ་དང་འཛམ་གླིང་རང་བྱུང་ཤུལ་བཞག་གི་མིང་གཞུང་ནང་བཅུག་པའི་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཏུ་གནས་ཤིང་། དེ་ནི་ཀྲུང་གོའི་ལྷོ་བྱང་གི་ཆུ་རྒྱུད་ཆེན་པོ་གཉིས་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་གཙོ་བོ་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི4500ཟིན་ཡོད། གྲང་ངར་ཆེ་བ་དང་ས་བབ་མཐོ་བའི་ཤུགས་རྐྱེན་འོག་དེ་སྔའི་ཆུ་དམར་ལེབ་རྫོང་གི་སྤྱི་པའི་འཛུགས་སྐྲུན་གྱི་རྨང་གཞི་ཞན་པ་དང་། འཕེལ་རྒྱས་ཀྱི་བར་སྟོང་མི་འདང་བ། འབྲོག་པར་སློབ་གསོ་ཐོབ་ཚད་ཡོངས་ཁྱབ་ཏུ་དམའ་བ། ངལ་རྩོལ་རྩལ་ནུས་དཀོན་པ། ཐོན་སྐྱེད་བྱེད་སྟངས་རྐྱང་པ་ཡིན་པ། རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཞན་པ་བཅས་རེད། 

d3fe6c42af4942fbb7b87982879c0a64.jpg

2010ལོར་ཆུ་དམར་ལེབ་རྫོང་གི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་འགན་འཁུར་བ་ནས་བཟུང་། རྒྱལ་ཁབ་ནུས་རྒྱུ་ཚོགས་པས“གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་ཐར”གྱི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་གནད་སྨིན་ཇུས་འདོན་ཐད་བྱ་ཐབས་ཏན་ཏིག་སྤྱད་པ་དང་། གནད་སྨིན་སྐུལ་འདེད་ཐད་ཤུགས་སྣོན་བརྒྱབ་པ། གནད་སྨིན་དོན་འཁྱོལ་ཐད་ཕན་འབྲས་ཐོན་པ་བཅས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་སྐྱེ་ཁམས་དབུལ་སྐྱོར་དང་། སློབ་གསོ་གསོ་སྦྱོང་དབུལ་སྐྱོར། གློག་རྡུལ་ཚོང་དོན་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར། སྨན་བཅོས་དབུལ་སྐྱོར། ཏང་འཛུགས་སྐྱོང་དབུལ་སྐྱོར་སོགས་གནད་སྨིན་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཏེ་ཆུ་དམར་ལེབ་རྫོང་གི་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། 

b0aea8357f0b46d586a71e054476ddd2.jpg

6057cfda6f2d4c18b196159873b90c6f.jpg

2020ལོའི་ཟླ3པའི་ཟླ་མཇུག་བར་རྒྱལ་ཁབ་ནུས་རྒྱུ་ཚོགས་པས་རིམ་རྩིས་བྱས་ན་ཆུ་དམར་ལེབ་རྫོང་ལ་ཕུལ་བྱུང་ན་གཞོན་ལས་བྱེད་པ6བདམས་མངག་བྱས་པ་དང་རོགས་སྐྱོར་མ་དངུལ་སྒོར་ཁྲི6994.41བཏང་ནས་རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་། རྫོང་མི་རིགས་སློབ་འབྲིང་གི་སློབ་ཁྲིད་ཐོག་ཁང་དང་དགེ་རྒན་གྱི་ཉལ་སའི་ཐོག་ཁང་རོགས་སྐྲུན། དྭ་ཕྲུག་སློབ་གྲྭའི་ཉལ་སའི་ཐོག་ཁང་རོགས་སྐྲུན། རྫོང་གི་རོང་འབྲོག་པའི་ལས་གཏོད་ལས་ཞུགས་ལྟེ་གནས་ལ་རོགས་སྐྱོར། ཡུལ་གཞན་དུ་གནས་སྤོ་བྱ་ཡུལ་གྱི་རྨང་གཞིའི་སྒྲིག་བཀོད་རོགས་སྐྲུན། གཞི་རིམ་ལས་བྱེད་པ་དང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣར་གསོ་སྦྱོང་། ཏང་ཀྲི་པུའུ་ཆ་སྒྲིག་མཉམ་སྐྲུན་སོགས་དབུལ་སྐྱོར་རྣམ་གྲངས་སྤེལ་བ་ཡིན་ལ། དབུལ་སྐྱོར་རྣམ་གྲངས་དེ་དག་སྤེལ་བ་བརྒྱུད་རྫོང་དེའི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་འབུར་ཐོན་བྱུང་བ་དང་།  སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་སོང་བ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་བཅས་རེད།

100101b6353d4a1e907d02e05e0fc634.jpg

རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ནི2018ལོར་མཚོ་སྔོན་མཚོ་བྱང་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དབུལ་ཐར་བྱུང་བ་ནས་བཟུང་རྒྱལ་ཁབ་ནུས་རྒྱུ་ཚོགས་པས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ཁྲོད་ཡང་བསྐྱར་རྒྱལ་ཁ་བླངས་བ་ཞིག་རེད། ཁོང་གིས་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་དབུལ་སྐྱོར་ལས་དོན་གྱི་འཆར་གཞི་ལྟར་ན། 2020ལོར་མུ་མཐུད་དུ་དབུལ་སྐྱོར་མ་དངུལ་སྒོར་ཁྲི4700བཏང་ནས་གཙོ་གནད་རྣམ་གྲངས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ནས་ཕན་འབྲས་ལེགས་པོ་ཐོན་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།