སྤྱི་ཚོགས་ལས་རིགས་སོ་སོས་ཞལ་འདེབས་སུ་ཕུལ་བའི་ཁག་དང་པོའི་རླུང་གནོན་དམའ་བའི་མྱུར་སྐྱོབ་རླངས་འཁོར43རྩིས་སྤྲོད་བྱས་ནས་བེད་སྤྱོད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་སོ་སོས་ཞལ་འདེབས་སུ་ཕུལ་བའི་ཁག་དང་པོའི་རླུང་གནོན་དམའ་བའི་མྱུར་སྐྱོབ་རླངས་འཁོར43གྱི་རྩིས་སྤྲོད་མཛད་སྒོ་ཟི་ལིང་དུ་འཚོགས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་མཛད་སྒོར་ཕེབས་ཏེ་ཞལ་འདེབས་དང་ལེན་གྱི་སྨན་བཅོས་ལས་ཁུངས་ལ་རླུང་གནོན་དམའ་བའི་མྱུར་སྐྱོབ་རླངས་འཁོར་སྤྲད། 

མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་ཆེ་གྲས་ལ་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་ཆེད། ཞལ་འདེབས་རྒྱག་མཁན་གྱི་འདོད་མོས་ལྟར། མཚོ་སྔོན་ཞིང་ཆེན་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་ཆོག་མཆན་བརྒྱུད། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་ལྷན་ཚོགས་ཀྱིས་མཚོ་སྔོན་ཅིན་ཙའོ་ཚོགས་སྒྲིལ་དང་། ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་ཀུང་སི། མཚོ་སྔོན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི། མཚོ་སྔོན་གྲོང་གསེབ་ཡིད་རྟོན་མཉམ་འབྲེལ་ཁང་། མཚོ་སྔོན་ཚྭ་མཚེའུ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་སོགས་སྤྱི་ཚོགས་ལས་རིགས་བཅས་ཀྱིས་ཞལ་འདེབས་སུ་ཕུལ་བའི་མ་དངུལ་སྒོར་ཁྲི5650གཅིག་བསྡུས་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྨན་བཅོས་སྒྲིག་གཞིར་རླུང་གནོན་དམའ་བའི་མྱུར་སྐྱོབ་རླངས་འཁོར68དང་ནུས་མང་འབྱིན་རྔུབ་འཕྲུལ་ཆས་སོགས་སྨན་བཅོས་སྒྲིག་ཆས་ཁག་གཅིག་ཉོ་སྒྲུབ་བྱས། རྩིས་སྤྲོད་མཛད་སྒོའི་ཐོག་སྤྱི་ཚོགས་ལས་རིགས་སོ་སོས་ཞལ་འདེབས་སུ་ཕུལ་བའི་ཁག་དང་པོའི་རླུང་གནོན་དམའ་བའི་མྱུར་སྐྱོབ་རླངས་འཁོར43ཞལ་འདེབས་དང་ལེན་གྱི་སྨན་བཅོས་སྒྲིག་གཞིར་བྱིན་པ་དང་དེ་དག་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་སྤྱོད་རྒྱུ་རེད།  

ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་མི་དམངས་སྨན་ཁང་གི་འགན་འཁུར་བས་ཞལ་འདེབས་དང་ལེན་གྱི་སྨན་ཁང་ཡོངས་ཀྱི་ཚབ་བྱས་ནས་གཏམ་བཤད་སྤེལ་སྐབས“ཕྱི་ནས་ནང་འདྲེན་འགོག་པ་དང་། ནང་ནས་བསྐྱར་ལྡོག་འགོག་པའི”་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དོན་འཁྱོལ་ནན་ཏན་བྱས་ནས། རླུང་གནོན་དམའ་བའི་མྱུར་སྐྱོབ་རླངས་འཁོར་གྱི་ནུས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་བརྗོད་པ་རེད། 

པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་བརྩེ་ལྡན་ཁེ་ལས་ཀྱིས་ཞིང་ཆེན་རྒྱ་གྲམ་དམར་པོའི་ལྷན་ཚོགས་ལ་དངོས་པོ་ཞལ་འདེབས་ཕུལ་ཞིང་། མིག་སྔའི་བར་། ཞིང་ཆེན་ཡོངས་ཀྱི་རྒྱ་གྲམ་དམར་པོའི་ལས་ཁུངས་ཀྱིས་ཁྱོན་ཞལ་འདེབས་དངུལ་སྒོར་དུང་ཕྱུར3.3ལྷག་དང་ལེན་བྱས་ཡོད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།