​ལྗང་མདོག མཚོ་སྔོན་གྱི་ཆེས་མཛེས་པའི་ཁ་དོག

སྡོང་ཕྲུག་སྐྱེལ་བཞིན་པ།

སྡོང་ཕྲུག་ལ་ཆུ་གཏོར་བཞིན་པ། 

རྒྱལ་ཁོངས་ལྗང་སྒྱུར་སྡོང་འཛུགས་དམག་འཐབ་ཆེན་མོ།

རྒྱ་ཤུག་འཛུགས་བཞིན་པ།

གྲོང་ཁྱེར་ལྗང་སྒྱུར།

ལྗང་མདོག་གི་གསོན་ཤུགས་ལས་སྐྱེ་ཁམས་ཀྱི་མཛེས་པ་མངོན།

ཟི་ལིང་ལྷོ་རིའི་སྤྱི་གླིང་།

མཚོ་མཚེའུ་འདམ་རའི་སྤྱི་གླིང་།

ཟི་ལིང་བྱང་རིའི་མཛེས་སྡུག་གླིང་ག

ཟི་ལིང་མི་དམངས་སྤྱི་གླིང་།

པེ་ཁྲོན་འདམ་རའི་སྤྱི་གླིང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་ཀྱི་དཔལ་མོ་དུས་ཚིགས་ཀུན་ལས་ལྷག །སྡོང་འཛུགས་ནགས་སྐྲུན་དུས་སྐབས་བཟང་ཤོས་ཡིན། ། རྒྱལ་ཁོངས་ལྗང་སྒྱུར་གྱི་སྡོང་འཛུགས་དམག་འཐབ་ཆེན་མོའི་བྱེད་སྒོ་ཚ་ཚ་འུར་འུར་གྱིས་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོར་སྤེལ་འགོ་ཚུགས་ཤིང་། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་དགོངས་དོན་དེ་རང་ཞིང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཡོད་སྟབས། མང་ཚོགས་རྣམས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཞིང་ཆེན་ཡོངས་སུ་སླར་ཡང་སྔོ་ལྗང་གསར་པ་བསྣན་ཏེ། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་རམ་འདེགས་བྱས་ཡོད།

ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ཞིང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་འབད་བརྩོན་ལྷོད་མེད་དང་ཏན་ཏན་ཏིག་ཏིག་གིས་སྡོང་འཛུགས་ནགས་སྐྲུན་དང་རྒྱལ་ཁོངས་ལྗང་སྒྱུར་བྱས་ནས། “ལྔ་བཞིའི”འཐབ་ཇུས་རང་རྟོགས་ཀྱིས་ལག་ལེན་བསྟར་ཏེ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་འཛུགས་སྐྱོང་ལ་སྤྱི་འདོམས་བགྱིས་པ། རྒྱལ་ཁོངས་ལྗང་སྒྱུར་གྱི་མྱུར་ཚད་མགྱོགས་སུ་གཏོང་བའི་འགུལ་སྐྱོད་ལག་ལེན་ཤུགས་ཆེན་བསྟར་བ་བཅས་བྱས་པས། རྒྱལ་ཁོངས་ལྗང་བསྒྱུར་ལ་མཐོང་ཆེན་བྱེད་ཚད་མཐོ་བ་དང་། ཟབ་ཞུགས་མི་འབོར་མང་བ། མ་དངུལ་གཏོང་ཤུགས་ཆེ་བ། ལྗང་འགྱུར་ཕན་འབྲས་ལེགས་པ་བཅས་ཀྱི་དགའ་འོས་པའི་རྣམ་པ་བྱུང་ཞིང་། གྲོང་ཁྱེར་གྱི་ལྗང་མདོག་བཞིན་རས་ཇེ་ཡག་ལ་སོང་ཡོད། མཛེས་སྡུག་ལྡན་པའི་མཚོ་སྔོན་དུ་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་དབང་བའི་ལྗང་མདོག་གི་རྒྱུ་ནོར་བསགས་ཡོད་ལ། ཡུན་རིང་ལ་བརྟན་ཅིང་རིན་ཐང་གཞལ་དུ་མེད་པའི་བསམ་པའི་རྒྱུ་ནོར་ཡང་བསྡུས་ཡོད།

སྡོང་ཕྲུག་དབོར་འདྲེན་དང་ས་གསོ་ཆུ་འདྲེན་སོགས་ངལ་རྩོལ་དང་དུས་ཚོད་གང་མང་བརྒྱུད་དེ། སྔོ་ལྗང་གི་འཇིག་རྟེན་རྒྱ་སྐྱེད་པ་དང་མཐར་བསྲིངས་པའི་གོ་རིམ་ཁྲོད། མི་རེ་རེས་གྲོང་ཁྱེར་གྱི་འཚོ་བའི་མཛེས་སྡུག་དང་བདེ་སྐྱིད་ཉམས་སུ་མྱངས་ཡོད། མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་བཟང་པོར་རེ་བཞག་ཆེ་ཞིང་། བྱ་སྤྱོད་དངོས་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གསལ་འགྲེལ་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ལེགས་སྒྱུར་གྱི་གྲུབ་འབྲས་དངོས་ལ་བརྟེན་ནས་མི་རབས་རྗེས་མར་བདེ་སྐྱིད་གང་ལེགས་བསྐྲུན་ཡོད་དོ། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།