མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས2020ལོའི་ལོ་འཁོར་གྱི་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས2020ལོའི་ལོ་འཁོར་གྱི་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ཚོགས་འདུ་བསྡུས་ཤིང་། པུའུ་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་ཁུངས་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ་དང་། ལས་ཁུངས་ནང་ཁུལ་གྱི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ། ལས་ཀའི་ལམ་སྲོལ་དང་གཞི་རྟེན་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ། པུའུ་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་སྔར་བས་སེམས་ཤུགས་གཅིག་སྒྲིལ་དང་། གནད་སྨིན་ཞིབ་ཚགས། དོན་གཉེར་ནན་ཏན་བཅས་བྱས་སྟབས་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད་པར་བསྟན། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་རྟིང་ཐག་གཅོད་པའི་ལོ་ཞིག་ཡིན་པས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་ཁུངས་ཀྱིས་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་གཙོ་ཁྲིད་འགན་འཁྲི་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། ཀྲི་པུའུ་འཛུགས་སྐྱོང་འབུར་དུ་དོད་པ། ལས་སྒོ་མཐོར་གཏོང་ལ་མཐོང་ཆེན་བྱེད་པ། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ། གཙོ་ཁྲིད་འགན་འཁྲི་ནན་མོར་གཏོང་བ་བཅས་བྱས་ཏེ། “ཆབ་སྲིད་ལ་དང་དོད་དང་། དྲང་བདེན་གཙིགས་འཛིན། ལས་སྒོར་བྱང་བ། སྤྱོད་ཚུལ་བཟང་བ”བཅས་ཀྱི་དཔེ་སྟོན་སྡེ་ཁག་འཛུགས་སྐྱོང་བྱེད་དགོས། “དད་སེམས་དང་། ཆབ་སྲིད། འགན་འཁྲི། འཇོན་ཐང་། སྤྱོད་ཚུལ་བཅས་ཀྱི་ཉམས་སད་ཐེག་པའི”རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་ཅིག་ལེགས་པར་བཏོད་དེ། པུའུ་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་ཁྲོད་ཞིང་ཆེན་ཐད་གཏོགས་ལས་ཁུངས་ནི་རུ་སྟར་དང་པོའི་རུ་སྣེ་ལྟ་བུའི་དམག་མི་བྱས་ཏེ། ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པར་ནན་བཤད་གནང་བ་རེད། །

ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་ཁུངས་ཀྱིས2020ལོའི་ལོ་འཁོར་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་དང་། ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཁག་གཅིག་གིས་ལས་འགན་སྒྲུབ་ཚུལ་དང་སྤྱོད་གཙང་བྱས་ཚུལ་ཞིབ་བརྗོད་བྱས་ཤིང་། ལས་བྱེད་པ་ཡོངས་ཀྱིས་ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་བལྟས་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།