ལིག་ཉིང་གིས“བརྟན་འཇགས་དྲུག”གི་ལས་དོན་བཟང་པོ་སྒྲུབ་པ་དང་། “འགན་ལེན་དྲུག”གི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཡོངས་ནས་སྤྱི་ཚོགས་བརྟན་འཇགས་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པར་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཀྱི་ཚོང་གཉེར་དང་རྣམ་གྲངས་གལ་ཆེན་གྱི་ལས་འགོ་བསྐྱར་འཛུགས་འགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལས་ཐོན་བསྐྱར་འཛུགས་དང་སྤྱིའི་འཕེལ་རིམ་གྱི་གནས་ཚུལ་ལ་གསན་ཞིང་། རྗེས་ཕྱོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཧྲིན་ཀྲང་ངམ་འགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ལིག་ཉིང་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ངོས་འཛིན་ཇེ་མཐོར་གཏོང་བ། བྱ་ཐབས་གཏན་འབེབས། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱ་དགོས། “བརྟན་འཇགས་དྲུག”གི་ལས་དོན་བཟང་པོ་སྒྲུབ་པ་དང་། “འགན་ལེན་དྲུག”གི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཡོངས་ནས་སྤྱི་ཚོགས་བརྟན་འཇགས་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པར་ནན་གྱིས་བསྟན།

ལིག་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། རྒྱལ་ཁབ་ཕྱི་ནང་གི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་དང་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དང་མིག་སྔའི་དཔལ་འབྱོར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ནས་ང་ཚོས་ལས་དོན་བཟང་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་གཅིག་གྱུར་ཡོང་བ་བྱེད་པ་དང་། ཀྲུང་དབྱང་གི་དབྱེ་ཞིབ་ཁྲོད་ཀྱི་སྔར་བྱུང་མ་མྱོང་བའི་ཛ་དྲག་གི་འགྲན་སློང་རྣམ་པར་ངོས་འཛིན་གསལ་བོ་བྱེད་པ། ཀྲུང་དབྱང་གི་བཀོད་སྒྲིག་ཁྲོད་ཀྱི་བརྟན་འཇགས་ཡར་བརྩོན་བྱ་བའི་རྩ་བའི་དགོངས་གཞི་ལ་ཡིད་ཆེས་ཡོད་པ། ཀྲུང་དབྱང་གི་བླང་བྱའི་ཁྲོད་ཀྱི་“འགན་ལེན་དྲུག”གི་ལས་དོན་བཟང་པོ་སྒྲུབ་པའི་མ་མཐའི་བསམ་བློ་བརྟན་པོ་འཛུགས་པ་བཅས་བྱས་ནས“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་བླང་བྱ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལག་ལེན་ནང་དོན་འཁྱོལ་བྱེད་དགོས་པར་བསྟན།

ལིག་ཉིང་གིས་མིག་སྔའི་དཔལ་འབྱོར་ལས་དོན་བྱ་བར་དམ་འཛིན་བཟང་པོ་བྱེད་པའི་གཙོ་གནད་དང་དཀའ་གནད་ནི“འགན་ལེན་དྲུག”ལ་རག་ལས་ཡོད་པ་དང་། གནད་འགག་ནི“བརྟན་འཇགས་དྲུག”ལ་རག་ལས་ཡོད། ཀྲུང་དབྱང་གི་བཀོད་སྒྲིག་ལ་དམིགས་ནས“འགན་ལེན་དྲུག”གི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ཏེ་ཐབས་བརྒྱ་ཇུས་སྟོང་གིས་དཔལ་འབྱོར་གྱི་གཞི་རྩ་བརྟན་འཇགས་ཡོང་བ་དང་དམངས་ཀྱི་མ་མཐའི་འཚོ་བར་འགན་ལེན་བྱེད་དགོས། གཙོ་བོར་དམ་འཛིན་བྱས་ཏེ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་སྲིད་ཇུས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ལས་གནས་བརྟན་འཇགས་ཡོང་བར་མཐའ་སྐྱོང་འགན་ལེན་བྱས་ཏེ། རང་འགུལ་ངང་ལས་དོན་སྒྲུབ་པ་དང་ཞབས་ཞུ་ཇེ་ལེགས་སུ་བཏང་ནས་གྲོང་མིའི་ལས་ཞུགས་ལ་འགན་ལེན་བྱེད་དགོས། མང་ཚོགས་སེམས་ལ་བཅངས་ནས་དམངས་འཚོའི་དོན་དངོས་ཀྱི་ལས་གཞི་ལ་མུ་མཐུད་དུ་དམ་འཛིན་བྱེད་པ་དང་། དབུལ་ཐར་འགག་སྒྲོལ་གྱི་རྟིང་རྩོད་ལ་རྒྱལ་ཁ་ལེན་པ། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་འཇགས་ཡོང་བའི་ལས་དོན་མུ་མཐུད་དུ་སྒྲུབ་པ། གཞི་རྩའི་དམངས་འཚོར་འགན་ལེན་བཅས་བྱེད་དགོས། སྤྱི་ཡོངས་ནས་ཤུགས་བརྒྱབ་ནས་ཚོང་རའི་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ།  ཚོང་གཉེར་མཁན་ལ་འཕྲད་པའི་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱེད་པར་དོ་སྣང་བྱེད་པ།  དགོས་མཁོར་དམིགས་ནས་ཚོང་གཉེར་འཕེལ་རྒྱས་ཡོང་བའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱེད་དགོས་པ་མ་ཟད།  ཚོང་གཉེར་བྱ་བར་འགན་སྲུང་བྱེད་དགོས་པར་ནན་གྱིས་བསྟན།

རྒྱུན་ལས་ཧྲིན་ཀྲང་གཞོན་པའམ་འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ལིས་ཅེ་ཞང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཧྲིན་ཀྲང་གཞོན་པའམ་འགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ཡན་ཅིན་ཧའེ་དང་། ཁོང་ཡུང། ཝང་ལིས་མིང་། ལིའུ་ཐའོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།