གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱིས“ལང་ཚོར་བསྟོད་གླུ་འབུལ་བའི”གཞོན་ནུའི་དཔེ་ཀློག་ཁང་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས21ཉིན་འཛམ་གླིང་དཔེ་ཀློག་ཉིན་མོ་དང“ལྔ་བཞིའི”གཞོན་ནུའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ། གུང་གཞོན་སྡེ་ཚོགསམཚོ་སྔོན་ཞིང་ཆེན་ཨུ་ལྷན་ཐད་གཏོགས་ལས་ཁུངས་ཀྱི་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས་ཨུ་ལྷན། བུད་མེད་ཨུ་ལྷན་བཅས་ཀྱིས་མཉམ་དུ་ཟི་ལིང་ཐང་ཏའོ་དབྱིབས་རྩིས་དཔེ་ཚོང་ཁང་དུ་གུང་གཞོན་སྡེ་ཚོགས་ཞིང་ཆེན་ཨུ་ལྷན་ལས་ཁུངས་ཀྱི“ལང་ཚོ་ལ་བསྟོད་གླུ་འབུལ་བའི”གཞོན་ནུའི་དཔེ་ཀློག་ཁང་འཛུགས་པའི་ཚོགས་ཆེན་འཚོགས་ནས“ལང་ཚོ་ལ་བསྟོད་གླུ་འབུལ་བ—དམངས་ཡོངས་ཀྱི་དཔེ་ཀློག་དང་དཔེ་ཀློག་ལས་ཁུངས། དཔེ་ཀློག་ཀྲི་པུའུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་སྐབས་དང་པོའི་དཔེ་ཀློག་མཉམ་སྤྱོད་སྤེལ་རེས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོས“རིག་གནས་ཀྱི་ཡིད་ཆེས”བརྗོད་དོན་གཙོ་བོར་དམིགས་ཏེ་དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད་དང་སྤེལ་རེས་ནང་ཞུགས་མཁན་ཏང་ཡོན་ལས་བྱེད་པར་དཔེ་དེབ་སྤྲད་པ་རེད། གུང་གཞོན་སྡེ་ཚོགས་ཞིང་ཆེན་ཨུད་ལྷན་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པ6གིས་དཔེ་ཀློག་གི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་གུང་གཞོན་སྡེ་ཚོགས་ཞིང་ཆེན་ཨུ་ལྷན་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པར་དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད། ད་ཐེངས་ཀྱི་མཉམ་སྤྱོད་བྱས་པའི་དཔེ་ཀློག་གི་ལེ་ཚན་སྣ་ཚོགས་ཡོད་པ་དང་བརྗོད་བྱ་རྒྱ་ཆེ་ཞིང་། གནའ་བོའི་སྙན་ངག་དང་གནའ་རྩོམ་ལེགས་གྲས་དང་འཛམ་གླིང་གི་བརྩམས་ཆོས་གྲགས་ཅན་ཡོད་ལ། དུས་རབས་འཕེལ་རྒྱས་དང་ཟུང་འབྲེལ་དམ་ཟབ་དང་། ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཡོང་བ། བསམ་བློ་གཏིང་ཟབ་གཏོང་བ་བཅས་ཀྱི་དེང་རབས་ཀྱི་གསུང་རབ་དཔེ་དེབ་ཀྱང་ཡོད། བྱེད་སྒོ་སྤེལ་རིང་། རོལ་དབྱངས་མྱོང་རོལ་དང་པི་ཝང་རམ་དཀྲོལ་སྙན་ངག “དཔེ་ཆའི་མིང་ཚོད་དཔག”གི་མཉམ་འགུལ་རོལ་རྩེད། ཞིང་ཆེན་ནང་གི་རྒྱང་སྒྲོག་འགོ་འཛིན་མི་སྣ་གྲགས་ཅན་གདན་དྲངས་ནས་དཔེ་སྟོན་གྱེར་འདོན་སོགས་ཀྱི་ཁྱད་ཆོས་ལྡན་པའི་དཔེ་ཀློག་བྱེད་སྒོ་སྤེལ་བ་རེད།

གུང་གཞོན་སྡེ་ཚོགས་ཞིང་ཆེན་ཨུ་ལྷན་གྱིས་ལས་ཁུངས་ཀྱི“ལང་ཚོར་བསྟོད་གླུ་འབུལ་བའི”གཞོན་ནུའི་དཔེ་ཀློག་ཁང་བཙུགས་པ་དེ་ནི་ཞིང་ཆེན་ཡོངས་ཀྱི“དཔེ་ཀློག་གི་མཚོ་སྔོན་བསྐྲུན་ནས་ཐུན་མོང་ཐོག་བསམ་པའི་དཔལ་ཡོན་ཇེ་མཐོར་གཏོང་བའི”དམིགས་ཚད་བླང་བྱ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི“དམངས་ཡོངས་དཔེ་ཀློག་ལས་ཁུངས་སུ་ཞུགས་པའི”བྱེད་སྒོའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད། གུང་གཞོན་སྡེ་ཚོགས་ཞིང་ཆེན་ཨུ་ལྷན་ཁོངས་གཏོགས་ཀྱི“མི་སྣ་གསོ་སྦྱོང་ཆེན་མོ་དང་། ལས་གནས་སྦྱོང་བརྡར་ཆེན་མོ། ཁོར་ཡུག་བཅོས་སྒྲིག་ཆེན་མོ”བཅས་ཀྱི་ལས་ཀའི་བཀོད་སྒྲིག་དང་ཟུང་འབྲེལ་གྱིས་དཔེ་ཀློག་བྱེད་སྒོ་དེ་སློབ་སྦྱོང་རྣམ་པའི་ལས་ཁུངས་དང་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ནང་མཉམ་འདྲེས་བྱས་པ་རེད། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།