མགོ་ལོག་ནས་ལྷ་ས་དང་ཁྲིན་ཏུའུ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་ལ་ཉེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས20ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་བར་ཟི་ལིང་ནས་མགོ་ལོག་བརྒྱུད་ལྷ་ས་དང་། ཟི་ལིང་ནས་མགོ་ལོག་བརྒྱུད་ཁྲིན་ཏུའུ་བར་གྱི་མཁའ་ལམ་ཤར་གཏོང་གི་མཉམ་ལས་གྲོས་ཆོད་བཞག་ནས་མགོ་ལོག་གི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད། 

མཁའ་ལམ་གསར་པ་ཤར་གཏོང་ཐུབ་པ་དེས་མགོ་ལོག་ཁུལ་གྱི་ཕྱི་ཕྱོགས་སྒོ་དབྱེ་བྱེད་ཚད་ཇེ་མཐོ་དང་། མགོ་ལོག་ཁུལ་གྱི་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་འགྲོ་འོང་གི་གོམ་སྟབས་ཇེ་མགྱོགས་སུ་བཏང་པར་མ་ད། མགོ་ལོག་དང་རྒྱལ་ཡོངས། ཐ་ན་འཛམ་གླིང་བར་གྱི་བར་ཐག་ཇེ་ཉེ་རུ་བཏང་སྟེ། མགོ་ལོག་ཁུལ་གྱི་བོད་རིགས་སྤུན་ཟླ་ཁྲི20ཡི་སྤྱིར་བཏང་འགྲོ་སྐྱོད་དང་གཞུང་ཕྱོགས་ཚོང་དོན་འགྲོ་འོང་གི་དགོས་མཁོ་ནུས་ལྡན་ངང་སྐོང་ཐུབ་ལ། ཡུལ་ཤུལ་དང་ན་གོར་མོ་རྗེས་སུ་མགོ་ལོག་དེ་ཉིད་ལྷ་ས་དང་ཁྲིན་ཏུའུ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པའི་ཡན་ལག་གནམ་གྲུ་འབབ་ཚིགས་གསུམ་པར་གྱུར་ཡོད། འཆར་གཞི་ལྟར་ན་ཟི་ལིང་ནས་མགོ་ལོག་བརྒྱུད་ལྷ་ས་བར་གྱི་མཁའ་ལམ་དེ་ཟླ5བའི་ཚེས5ཉིན་ནས་ཤར་གཏོང་བྱེད་རྒྱུ་ཡིན་ལ། གཟའ་འཁོར་རེར་གཟའ་མིག་དམར་དང་ཕུར་བུ། སྤེན་པ་བཅས་ལ་བོད་ལྗོངས་མཁའ་འགྲུལ་གྱིས་འཕུར་འགན་འཁུར་རྒྱུ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།