མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་འགན་བཅོལ་སྲིད་ཇུས་དང་འགན་བཅོལ་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་བྱེད་པའི་གཅིག་བསྡུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡི2020ལོའི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཟླ4བའི་ཚེས15ཉིན་ནས་ཟླ5བའི་ཚེས15ཉིན་བར། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་སྨན་བཅོས་འགན་སྲུང་སྲིད་ཇུས་དང་འགན་བཅོལ་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་བྱེད་པའི་གཅིག་བསྡུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་རྒྱུའི་གཏན་འཁེལ་བྱས། དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི“སྨན་བཅོས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་དང་། འགན་བཅོལ་མགོ་སྐོར་གཡོ་ལེན་གྱི་བྱ་སྤྱོད་ལ་རྡུང་རྡེག ཐེབས་རྩའི་བདེ་འཇགས་སྲུང་སྐྱོང”བཅས་རེད། དེ་ནི་ཟླ4བའི་ཚེས22ཉིན་གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་སྲིད་ཇུས་དང་འགན་བཅོལ་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་གཏོང་བའི་གཅིག་བསྡུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་རེད། 

ཤེས་རྟོགས་བྱུང་བ་ལྟར་ན། སྨན་བཅོས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་བཅོལ་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་གཏོང་བའི་ཆེད་དམིགས་བཅོས་སྐྱོང་བྱེད་སྒོ་རྒྱུན་མཐུད་དང་གཏིང་ཟབ་ངང་སྤེལ་བ། སྨན་བཅོས་འགན་སྲུང་ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་དང་འགན་བཅོལ་ལ་ཞུགས་པའི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་འགན་སྲུང་ཏན་ཏིག་བྱ་ཆེད། རིམ་པ་སོ་སོའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་རང་ས་གནས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དང་ཟུང་འབྲེལ་བྱས་ཏེ། “ཆུང་གྲས། ཁ་ཐོར། དངོས་སྤྱོད་”བཅས་ཀྱི་རྩ་དོན་དང་མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས། འོས་འགན་སྐོར་སྐྱོད་སྨན་བཅོས་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་གནས་འཛུགས་པ། དྲིལ་བསྒྲགས་སྦྱར་ཡིག་འགེལ་བ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། དྲ་ཚིགས་ཆེ་གྲས་སུ་སྨན་བཅོས་འགན་བཅོལ་དྲིལ་བསྒྲགས་ཆེད་བསྒྲིགས་འཛུགས་པ། སྤོ་སྒུལ་སོགས་འཕྲིན་གཏོང་སྤྱི་ཕན་ལས་སྟེགས་སྤྱད་དེ་ཆ་འཕྲིན་སྐྱེལ་བ་དང་དཔེ་མཚོན་གྱོད་གཞི་དམར་རྗེན་དུ་འདོན་པ་སོགས་ཀྱི་རྣམ་པ་སྣ་མང་སྤྱད་དེ། སྨན་བཅོས་འགན་བཅོལ་གྱི་དབུལ་སྐྱོར་སྲིད་ཇུས་དང་། སྨན་བཅོས་འགན་སྲུང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྨན་བཅོས་འགན་སྲུང་སྲིད་ཇུས། སྨན་བཅོས་འགན་སྲུང་ལས་དོན། འགན་བཅོལ་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་ནང་དོན་དྲིལ་བསྒྲགས་གཏིང་ཟབ་བྱ་དགོས། སྨན་བཅོས་འགན་སྲུང་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་ཆེ་རུ་བཏང་ནས་མང་ཚོགས་ཀྱིས་འགན་བཅོལ་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་གཏོང་བའི་ལས་ཀར་དོ་ཁུར་དང་ངོས་ལེན་བྱེད་པ། རྒྱབ་སྐྱོར་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཤིག་ཆགས་ནས་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱ་དགོས། 

ཡོངས་བསྒྲགས་ཚོགས་འདུའི་ཐོག 2020ལོའི་གནས་གཏན་སྨན་བཅོས་སྒྲིག་གཞི་ཁག་དང་པོའི་སྒྲིག་འགལ་ངང་སྨན་བཅོས་འགན་བཅོལ་ཐེབས་རྩ་སྤྱད་པའི་གྱོད་དོན་དང་དེའི་ཐག་གཅོད་བྱས་ཚུལ་ཁྱབ་བསྒྲགས་བྱས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།