ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས21ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བརྡ་ཁྱབ་སྤེལ་ཏེ། ཆེད་དོན་ཞིབ་བཤེར་བྱས་པ་བརྒྱུད། གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་སོགས་རྫོང17དབུལ་བོ་ཕྱིར་འཐེན་གྱི་ཚད་གཞི་དང་མཐུན་པར་གྱུར་ཏེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང42(གྲོང་ཁྱེར་དང་ས་ཁུལ། སྲིད་འཛིན་ཨུ་ཡོན་ལྷན་ཁང་ཚུད)ཚང་མ་རྫོང་དབུལ་བོའི་གྲས་ནས་ཕྱིར་འཐེན་བྱས་པ་རེད།
མཚོ་སྔོན་ཞིང་ཆེན་དུ་དབུལ་ཕོངས་མི་འབོར་གྱི་ས་ཚིགས་མང་ལ་ཁྱབ་རྒྱ་ཆེ་བ་དང་། དབུལ་ཕོངས་ཚད་གཞི་གཏིང་ཟབ་པས། བསྡོམས་པས་དབུལ་ཕོངས་རྫོང42(གྲོང་ཁྱེར་དང་ས་ཁུལ། སྲིད་འཛིན་ཨུ་ཡོན་ལྷན་ཁང་ཚུད)ཡོད། དེའི་ཁྲོད་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་རྫོང་གཙོ་བོ15ཡོད། དབུལ་ཐར་མཁྲེགས་གཏོར་བྱ་བ་སྤེལ་འགོ་བརྩམས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས“ལོ་བཞི་ལ་གཅིག་བསྡུས་མཁྲེགས་གཏོར་དང་ལོ་གཅིག་ལ་སྲ་བརྟན་མཐོར་འདེགས་གཏོང་བའི”སྤྱིའི་བཀོད་སྒྲིག་ལྟར། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་འབེན་ཚད་གཞིར་དམིགས་ཏེ། མཚོ་སྔོན་ཞིང་ཆེན་གྱི”1+8+10”ཡི་སྲིད་ཇུས་མ་ལག་གི་སྣེ་ཁྲིད་འོག ནུས་ཤུགས་ཡོད་རྒུས་གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་ཐར་ལས་དོན་སྤེལ་བར། དབུལ་སེལ་གྲུབ་འབྲས་ལོ་རེ་བཞིན་མངོན་གསལ་ཡིན་པ་རེད།
གཅིག་གྱུར་མཁྲེགས་གཏོར་བྱས་པ་བརྒྱུད་ཕྱིར་འཐེན་གོ་རིམ་མང་པོ་ལག་བསྟར་བྱས་རྗེས། ད་ལོར་རྫོང(ཆུས)17བདེ་བླག་ངང་དབུལ་ཕོངས་རྫོང་ལས་ཕྱིར་འཐེན་བྱུང་བས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་རྫོང42(གྲོང་ཁྱེར་དང་ས་ཁུལ། སྲིད་འཛིན་ཨུ་ཡོན་ལྷན་ཁང་ཚུད)དང་། དབུལ་ཕོངས་སྡེ་བ1622ཡི་དབུལ་བོ་ཁྲི53.9ཡོངས་རྫོགས་དབུལ་ཐར་བྱུང་ཡོད་པ་མཚོན་ཞིང་། དབུལ་བོ་དབུལ་རྐྱང"གཙང་སེལ"གྱི་དམིགས་འབེན་ཡང་མངོན་འགྱུར་བྱས་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་རྫོང་ཡོངས་རྫོགས་ཀྱིས་དབུལ་ཞྭ་ཕུད།