གངས་དཀར་རི་བོར་འཛེག་པའི་བྱ་འགུལ་ཐེངས་གང་མང་སྤེལ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་གངས་དཀར་རི་བོར་འཛེག་པའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་།  2020ལོའི་གངས་དཀར་རི་རྩེ་རུ་རི་འཛེག་བྱེད་པའི་ཚོད་ལྟའི་རང་བཞིན་གྱི་བྱ་འགུལ་སྤེལ་ཏེ།  འཛམ་གླིང་གི་རི་འཛེག་ལུས་རྩལ་པ་སོ་སོ་གདན་འདྲེན་བྱས་ནས།  མཚོ་སྔོན་གྱི་གངས་རིའི་མཛེས་ལྗོངས་ལ་མཉམ་དུ་རོལ་མྱོང་བྱེད་དུ་འཇུག་རྒྱུ་རེད།  

རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་རི་འཛེག་བྱ་འགུལ་ཐེངས་བརྒྱད་དུ་བགོས་ནས་སྤེལ་རྒྱུ་ཡིན་པ་དང་།  ད་ལོའི་ཟླ5བ་ནས་ཟླ12བར་ཟླ་རེར་ཐེངས་གཅིག་རེ་སྤེལ་རྒྱུ་ཡིན་པ་དང་།  བྱ་འགུལ་སྤེལ་སའི་ས་གནས་ནི་མོན་ཡོན་གངས་དཀར་རི་བོ་ཡིན་པ་དང་།  ཐེངས་རེའི་ཚོགས་པའི་ཚད་གཞིའི་མི་གྲངས་ནི་མི30ལས་མི་ཉུང་བ་བྱེད་དགོས།  བྱ་འགུལ་གྱི་ནང་དོན་ལ་སྤྱི་ལེ་དྲུག་གི་རྐང་ཐང་རྣམ་གྲངས་དང་།  རི་འཛེག་གི་གཞི་རྩའི་ཤེས་བྱའི་འཆད་ཁྲིད།  འཁྱག་དར་ངོས་སུ་བསྐྱོད་པའི་ལག་རྩལ་འགྲེལ་བཤད་དང་རྒྱུན་མཐོང་གི་མཐོ་སྒང་གི་ནད་རྟགས་འགྲེལ་བཤད་སོགས་འདུས་ལ།  བྱ་འགུལ་གྱི་ལམ་ཐིག་ནི་མོན་ཡོན་གྱི་ཤུགས་འགྲེམས་མེ་འཁོར་ས་ཚིགས་ནས་ཚོན་བདུན་རྦབ་ཆུ་དང་།  གངས་དཀར་སྒར་ས་ཆེན་པོ་ནས་མོན་ཡོན་གྱི་ཤུགས་འགྲེམས་མེ་འཁོར་ས་ཚིགས་བར་ཡིན།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།