མདོ་ལ་རྫོང་གིས་ཡུལ་སྐོར་ཐོན་རྫས་དྲ་ཐོག་ནས་ཕྱིར་འཚོང་བྱེད་པ་བྲིན་པོ་བྱུང་བ།

1909361_054656.png

ཚོང་ཟོག་ཕྱིར་འཚོང་ཐད་གཏོང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས10ཉིན། གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་བོད་པ་ལས་རིགས་ནུས་རྩལ་སློབ་གྲྭ་དང་ཀུའུ་ལང་དམངས་སྲོལ་རིག་གནས་རྡོ་རྒྱུ་གསར་སྤེལ་ཚད་ཡོད་ཀུང་སིར་ཕྱིན་པ་ན། ནུས་རྩལ་གསོ་སྦྱོང་གིས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་གལ་ཆེའི་རང་བཞིན་གྱི་ནུས་པ་ཐོན་ཡོད་པའི་མྱོང་ཚོར་ཟབ་མོ་སྦྱིན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་། ཀུང་སི་གཉིས་ཀྱིས་མདོ་ལ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུའུ་དང་མཉམ་འབྲེལ་བྱས་ཏེ་དྲ་ཕྱིའི་གསོ་སྦྱོང་དང་དྲ་ཐོག་ཕྱིར་འཚོང་གི་རྣམ་པའི་ཐོག་ནས་མཚོ་སྔོན་གྱི་འཚེམ་དྲུབ་བརྩམས་ཆོས་དང་རྡོ་རྒྱུ་ལག་ཤེས་བཟོ་རྩལ་ཐོན་རྫས་དག་ཡུལ་སྐོར་ཐོན་རྫས་ལ་བརྩིས་ནས་ཕྱིར་འཚོང་ཁྲོམ་རའི་སྟེང་རྒྱ་བསྐྱེད་པ་མ་ཟད། མདོ་ལ་རྫོང་གི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ཀྱང་མཐོ་རུ་ཕྱིན་ཡོད་པ་རེད།
    

1909362_810682.png

ལག་བཟོའི་ཐོན་རྫས་འགྲེམས་སྟོན།

1909363_930683.png

    ལས་བཟོ་བས་རྒྱུ་ལྕི་བ་ལས་བཟོས་པའི་ཤིང་པད་མ་འགྲེམས་སྟོན་བྱེད་པ།

1909364_195018.png

འཚེམ་དྲུབ་བྱེད་པ།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།