མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་ཚོགས་འདུ་དང་ཀྲུའུ་ཞིའི་གྲོས་ཚོགས་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས21ཉིན།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་མཛད་དེ་སྐབས་བཅུ་གཉིས་པའི་ཞིང་ཆེན་སྲེིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་ཐེངས51པ་དང་ཀྲུའུ་ཞིའི་གྲོས་ཚོགས་ཐེངས36པ་བསྡུས།   《ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ནན་ཏན་སྒོས<ཏང་ཨུ(ཏང་ཙུའུ)ཡིས་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་གཙོ་ཁྲིད་འགན་འཁྲི་དོན་འཁྱོལ་བྱེད་པའི་གཏན་འཁེལ>དངོས་འབེབས་བྱེད་པའི་བརྡ་ཐོའི》དགོངས་དོན་དང།  ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་ཤིང་།  སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློའི་ཆ་འཕྲིན་ལ་ཤུགས་སྣོན་པ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན།   ཏང་ཨུ(ཏང་ཙུའུ)ཡིས་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་གཙོ་ཁྲིད་འགན་འཁྲི་དོན་འཁྱོལ་བྱེད་པའི་གཏན་འཁེལ》ཞེས་པ་གཏན་འབེབས་བྱས་ཤིང་།  ཏང་ཀྲུང་དབྱང་གིས་གཟབ་ནན་སྒོས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ལམ་ལུགས་ཀྱི་བྱེད་ཐབས་གལ་ཆེན་འཐུས་ཚང་དུ་བཏང་སྟེ།  རང་རེའི་ཏང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་བ་རེད།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།  ཕྱོགས་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་པུའུ་ཀྲང་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་པ་དང་།  སྔར་ལས་ལྷག་པའི་སྒོ་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ།  གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་རྒྱུན་མཐུད་ངང་ཤུགས་བསྣན་ནས།  བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས།  ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་མ་ལག་གི་ཏང་གི་འཛུགས་སྐྲུན་ལ་བསྟུད་མར་ཤུགས་སྣོན་རྒྱག་པ་དང་།  ཕྱོགས་ཡོངས་ནས་ཏང་གི་རྩ་འཛུགས་ཀྱིས་ཏང་མི་དང་ཏང་གི་བྱ་བས་ཨུ་ཡོན་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏོང་དགོས།  སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་རྒྱུན་མཐུད་ངང་གཙིགས་སུ་འཛིན་པ་དང་།  ཆབ་སྲིད་ཀྱི་བླང་བྱ་གཙིགས་སུ་བཟུང་སྟེ་ལམ་སྲོལ་དང་ཐབས་ཇུས་འཐུས་ཚང་དུ་བཏང་ནས་ལས་བྱེད་པའི་འགན་འཁྲི་འཁུར་བར་སྐུལ་མ་བཏང་སྟེ་ནུས་ཤགས་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས།

ཚོགས་འདུའི་ཐོག་ལས་ཁུངས་ཀྱི་ཁ་གཏད་དབུལ་སྐྱོར་བྱ་བའི་སྙན་ཞུ་ལ་ཉན་པ་དང་།  ཁ་གཏད་དབུལ་སྐྱོར་ལས་དོན་སྤེལ་རྒྱུ་དེ་སྲིད་གྲོས་ཀྱིས་དབུལ་ཐར་འགག་སྒྲོལ་ལ་རོགས་འདེགས་བྱས་ཏེ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པའི་ཕྱོགས་སུ་བརྩི་དགོས་པ་དང་།  པྲོག་གསར་གློ་ཚད་རིམས་ནད་ཀྱིས་དབུལ་ཐར་གྱི་གྲུབ་འབྲས་ལ་ཤུགས་རྐྱེན་ངན་པ་ཐེབས་པར་ཡང་དག་པའི་ལྟ་བ་འཛིན་དགོས་ཞེས་ནན་གྱིས་བཤད། 

མགོན་པོ་བཀྲ་ཤིས་དང་རིན་ཆེན་རྣམ་རྒྱལ།  ཀྲང་ཧྲོའུ་ཁྲེང་།  ཏུའུ་ཅེ།  མ་ཧའེ་ཡིན།  ཝང་ཞོན།  ཏུའུ་ཏེ་ཀྲི་བཅས་ཚོགས་འདུར་ཞུགས་པ་རེད།  །  

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།