མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་ང་གཅིག་པ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་ང་གཅིག་པ་ཟི་ལིང་དུ་འཚོགས། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་དང་། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་མཱ་ཝུའེ། ཀྲུའུ་རེན་གཞོན་པ་ཉིའོ་ཁྲེང་ཡུན་དང་ཝུའུ་ཧའེ་ཁུན་། ལིའུ་ཐུང་ཏེ། དྲུང་ཡིག་ཆེན་མོ་ཅ་དབྱིང་ཀྲུང་བཅས་ཚོགས་འདུར་ཞུགས། ཀྲང་ཀོང་རུང་གིས་ཚོགས་འདུར་གཙོ་སྐྱོང་གནང་།  

ཚོགས་འདུའི་ཐོག མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག(འཆར་ཟིན་བཟོ་བཅོས་མ།)དང་། 《 མཚོ་སྔོན་ཞིང་ཆེན་གྱི་ཤང་དང་། མི་རིགས་ཤང་དང་གྲོང་རྡལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་དོན་སྲོལ་ཡིག》 གྲོས་ཆོད(འཆར་ཟིན།)ཀྱི་གྲོས་གཞི། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པའི་སྲོལ་ཡིག མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་སྐུལ་འདེད་སྲོལ་ཡིག མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག(བཟོ་བཅོས་མ།)རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་སྲུང་སྐྱོང་སྲོལ་ཡིག ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག 《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག》མེད་པར་བཟོ་བའི་སྐོར་གྱི་ཆོད་དོན། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་སྐོར་གྱི་གནས་ཚུལ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2019ལོའི་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དམིགས་འབེན་ལེགས་སྒྲུབ་བྱས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལག་བསྟར་བྱ་བའི་དག་ཐེར་ཡོ་བསྲང་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུ་སོགས་བྱ་བའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུར་གསན། ཀྲུའུ་རེན་ཚོགས་འདུའི་ཐོག་གོང་གསལ་གྱི་གྲོས་གཞི་དག་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་འཇོག་རྒྱུར་མོས་མཐུན་བྱུང་།  

ཀྲུའུ་རེན་ཚོགས་འདུའི་ཐོག་ད་དུང་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་གྲོས་འགོའི་གྲོས་གཞི་དང་འཚོགས་བསྡུའི་དུས་ཚོད། མི་དོན་བསྐོ་འཐེན་གྱི་གྲོས་གཞི་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུར་གསན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།