མང་ཨེ་རུ་རྒྱལ་ནང་གི་གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞི་ཆེ་ཤོས་བསྐྲུན་རྒྱུ་ཡིན་པ།

1125889346_15875214629641n.jpg

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ4པའི་ཚེས16ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་དང་མཉམ་དུ《“ལྟ་སྐོར་བྱ་ཡུལ་ཆེན་མོའི་གནམ་དཔྱད་རྒྱང་ཤེལ་རྣམ་གྲངས”ཀྱི་མཉམ་ལས་གྲོས་གཞི》ལ་མིང་རྟགས་བཀོད་པ་དང་། ལྟ་སྐོར་བྱ་ཡུལ་ཆེན་མོའི་གནམ་དཔྱད་རྒྱང་ཤེལ་གྱི(WFST)རྣམ་གྲངས་དེ་མང་ཨེ་གྲོང་ཁྱེར་ལིན་ཧུའུ་གྲོང་རྡལ་སའེ་ཧྲི་ཐེིན་རི་བོའི་གནམ་དཔྱད་སྟེགས་བུར་ཡོད་པ་དང་། དེས་མང་ཨེ་རུ་རྒྱལ་ནང་གི་གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞི་ཆེ་ཤོས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་གོམ་སྟབས་གསར་བ་ཞིག་སྤོས་པ་མཚོན་ཡོད། 

1125889346_15875214628891n.jpg

གྲོས་མཐུན་གཞིར་བཟུང་། མཚོ་ནུབ་ཁུལ་གྱིས་རྣམ་གྲངས་ཀྱི་དགོས་མཁོ་གཞིར་བཟུང་། རྒྱང་ཤེལ་གྱི་རྩེ་སྒོར་དང་། གཞུང་ལམ། ས་ཁུལ་ཁོད་སྙོམས་པ། འཕྲིན་གཏོང་། གློག་ཤུགས་སོགས་ཀྱི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་རྒྱང་ཤེལ་སྒྲིག་སྦྱོར་དང་འཁོར་སྐྱོད་ལ་རམ་འདེགས་བྱ་རྒྱུ་ཡིན་པ་རེད། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱིས་རྣམ་གྲངས་འཛུགས་སྐྲུན་ལ་དམིགས་ནས་སའེ་ཧྲི་ཐིན་རི་བོའི་མཐའ་འཁོར་དང་དེ་བཞིན་ལིན་ཧུའུ་ས་ཁུལ་གྱི་གློག་འོད་བཅོས་སྒྲིག་དང་ལིན་ཧུའུ་གྲོང་རྡལ་གནམ་དཔྱད་ཚན་རིག་ཁྱབ་གདལ་འཕེལ་རྒྱས་འཆར་འགོད་སོགས་ཀྱི་བློ་འདྲི་བྱ་རྒྱུ་དང་འབྲེལ་དེའི་རྨང་གཞིའི་སྟེང་མཚོ་ནུབ་ཁུལ་དང་ཁྱབ་ཁོངས་མང་པོའི་སློབ་གྲྭ་དང་ས་གནས་བར་སྔར་བས་མཉམ་ལས་བྱ་རྒྱུ་རེད།

1125889346_15875214628131n.jpg

ངོ་སྤྲོད་བྱས་པ་ལྟར་ན། ལྟ་སྐོར་བྱ་ཡུལ་ཆེན་མོའི་གནམ་དཔྱད་རྒྱང་ཤེལ་ནི་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱིས་སྐྲུན་བཞིན་པའི“རྩེ་གྲ་གཉིས”ཀྱི་རིག་ཚན་ལས་སྟེགས་ཤིག་ཡིན། འཛུགས་སྐྲུན་བྱས་རྗེས་རྣམ་གྲངས་དེ་གོ་ལ་ཕྱེད་བྱང་མར་མཁའ་དབྱིངས་སྐོར་སྐྱོད་ནུས་པ་ཆེ་ཤོས་ལྡན་པའི་འོད་རིག་དུས་ཁོངས་སྐོར་ཞིབ་ཚད་ལེན་སྒྲིག་ཆས་ཤིག་ཏུ་འགྱུར་རྒྱུ་དང་། རྒྱལ་ཁབ་ཕྱི་ནང་གི་གནམ་དཔྱད་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་རྩེ་གྲ་མགྱོགས་མྱུར་གྱིས་གཅིག་སྡུད་དང་གསོ་སྐྱོང་ཐུབ་པ་བྱས་ནས་རྒྱལ་སྤྱིའི་ཚན་ཞིབ་གྲུབ་འབྲས་རྩེ་གྲ་ཐོན་སྐྱེད་བྱེད་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།