མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཞོང་ཐང་སོགས་རྫོང(ས་ཁུལ)17རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

《ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིན་གྱིས་པར་འགྲེམས་བྱས་པའི〈དབུལ་ཕུངས་ཕྱིར་འཐེན་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར〉་གྱི་བརྡ་ཐོ》དང་། ཞིང་ཆེན་ཏང་ཨུའི་གཞུང་དོན་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིན་གྱི《མཚོ་སྔོན་ཞིང་ཆེན་གྱི་རྫོང་དབུལ་པོ་ཕྱིར་འཐེན་ཆེད་དོན་དཔྱད་དཔོག་ཞིབ་བཤེར་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས། རྫོང་རིམ་པས་རེ་ཞུ་དང་། གྲོང་ཁྱེར་དང་ཁུལ་རིམ་པས་ཞིབ་བཤེར། ཞིང་ཆེན་རིམ་པས་ཞིབ་བཤེར་བཅས་དང་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚན་ཆུང་གི་མངགས་བཅོལ་དཔྱད་དཔོག་སྒྲིག་གཞིས་ཆེད་དོན་དཔྱད་དཔོག་ཞིབ་བཤེར་དང་། སྤྱི་ཚོགས་ཐོག་ཡོངས་བསྒྲགས་སོགས་ཀྱི་གོ་རིམ་བརྒྱུད། གཞོང་ཐང་སོགས་རྫོང(ས་ཁུལ)17རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱ་རྒྱུའི་ཚད་གཞི་དང་མཐུན་པར་གྱུར་སྟབས། ཞིབ་འཇུག་བྱས་པ་བརྒྱུད་མཚོ་ཤར་གྲོང་ཁྱེར་གྱི་གཞོང་ཐང་རྫོང་དང་། གྲོ་ཚང་ས་ཁུལ། དཔའ་ལུང་རྫོང་བཅས་དང་། མཚོ་ལྷོ་ཁུལ་གྱི་གསེར་ཆེན་རྫོང་དང་ཁྲི་ཀ་རྫོང་། ཡུལ་ཤུལ་ཁུལ་གྱི་ནང་ཆེན་རྫོང་དང་། འབྲི་སྟོད་རྫོང་། རྫ་སྟོད་རྫོང་། ཆུ་དམར་ལེབ་རྫོང་། མགོ་ལོག་ཁུལ་གྱི་རྨ་ཆེན་རྫོང་དང་། པད་མ་རྫོང་། གཅིག་སྒྲིལ་རྫོང་། དགའ་བདེ་རྫོང་། དར་ལག་རྫོང་། རྨ་ལྷོ་ཁུལ་གྱི་རེབ་གོང་རྫོང་དང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་བཅས་རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱས་པ་དང་། ད་བར་དུ་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ས་ཁུལ)42ཚང་མ་རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱས་པ་རེད། 

དེའི་དོན་ཆེད་དུ་སྤྱི་བསྒྲགས་བྱས་པ་ཡིན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ4ཚེས21ཉིན།

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།