མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་དམ་རྒྱལ་དབང་རྒྱུ་ནོར་དང་ཁེ་ལས་སྒྱུར་བཅོས་ཀྱི་གནས་བབ་དབྱེ་ཞིབ་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་དམ་རྒྱལ་དབང་རྒྱུ་ནོར་དང་ཁེ་ལས་སྒྱུར་བཅོས་ཀྱི་གནས་བབ་དབྱེ་ཞིབ་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་དུས་ཚིགས་དང་པོའི་ལས་ཀའི་གནས་ཚུལ་ཕྱོགས་སྡོམ་བྱས་ནས་མིག་སྔའི་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་ཅིང་། དུས་ཚིགས་གཉིས་པའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཝང་ལིས་མིང་གིས་ཚོགས་འདུ་གཙོ་སྐྱོང་མཛད་ཅིང་གསུང་བཤད་གནང་།  

ཝང་ལིས་མིང་གིས་ད་ལོའི་ཚུན་དུ་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཆ་འཕྲིན་རྒྱལ་དབང་རྒྱུ་ནོར་སྡེ་ཁག་གིས་གནོན་ཤུགས་ཐེག་པ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། བྱས་རྗེས་ཧུར་ཐག་གིས་བཞག་པ་བཅས་ལས་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་། 

ཝང་ལིས་མིང་གིས་ནན་གྱིས་བསྟན་དོན། འཁོར་སྐྱོད་སྙོམས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་རྣམ་གྲངས་འཛུགས་སྐྲུན། རྒྱུ་རྐྱེན་འགན་ལེན་སོགས་ཐད་ཀྱི་དཀའ་གནད་ཐག་གཅོད་བྱས་ཏེ་བཟོ་ལས་དཔལ་འབྱོར་བརྟན་བརླིང་སྐྱོན་བྲལ་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་གསར་པའི་མ་འཇོག་གི་སྒུལ་ཤུགས་ཆེ་རུ་བཏང་སྟེ་རྣམ་གྲངས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། མུ་མཐུད་དུ་ཞབས་ཞུ་ཇེ་ལེགས་དང་ཞབས་ཞུའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། སྲིད་ཇུས་ཡག་པོ་མགྱོགས་མྱུར་ཁྱབ་བརྡལ་གཏོང་བ་དང་། དོན་འཁྱོལ་ནན་མོ་ཡོང་བ། ཕན་འབྲས་མགྱོགས་པར་ཐོན་པ་བཅས་བྱས་ཏེ། ཁེ་ལས་བརྟན་བརླིང་གིས་དཔལ་འབྱོར་བརྟན་བརླིང་དང་འཕེལ་རྒྱས་བརྟན་བརླིང་ལ་འགན་ལེན་བྱེད་དགོས། ཚོང་འགུགས་དངུལ་འདྲེན་ལ་ཤུགས་སྣོན་བརྒྱབ་ཏེ་མཐུན་སྦྱོར་ཚོང་འགུགས་ལ་མཐོང་ཆེན་དང་གནད་སྨིན་ཚོང་འགུགས་འབུར་དུ་ཐོན་པ། ཚོང་འགུགས་བྱེད་སྟངས་གསར་གཏོད་བཅས་བྱས་ནས་རྣམ་གྲངས་དང་དངུལ་འཇོག་ལས་ཀའི་སྦས་ཤུགས་ཆེ་རུ་གཏོང་དགོས། རྒྱལ་དབང་ཁེ་ལས་སྒྱུར་བཅོས་གཏིང་ཟབ་བྱས་ནས་གཙོ་གནད་ཁེ་ལས་སྒྱུར་བཅོས་ཀྱི་དཀའ་གནད་ལས་མགྱོགས་མྱུར་ངང་སྒྲོལ་རྒྱུར་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་ནུས་པ་ཆེ་རུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ལ་ནན་འཛིན་ཡག་པོ་བྱས་ནས་ལས་ཐོན་བསྐྱར་ཚུགས་ཀྱི་བདེ་འཇགས་ཉེན་ཟོན་བྱ་བར་ཞིབ་ཅིང་དམ་པའི་སྒོ་ནས་ནན་འཛིན་བྱ་དགོས།   །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།