མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཚོགས་འདུ་ཐེངས38པ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཚོགས་འདུ་ཐེངས38པ་འཚོགས། ཚོགས་འདུའི་ཐོག་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་སྒྲིག་བཤེར་ལས་དོན་གྱི་སྙན་ཞུར་གསན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་གིས་ཚོགས་འདུར་གཙོ་སྐྱོང་གནང་ཞིང་། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་མཱ་ཝུའེ་དང་། ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཉིའོ་ཁྲེང་ཡུན་དང་། ཝུའུ་ཧའེ་ཁུན། ཏང་ཙུའུ་ཡི་ཁོངས་མིའམ་དྲུང་ཡིག་ཆེན་མོ་ཅ་དབྱིང་ཀྲུང་བཅས་ཚོགས་འདུར་ཞུགས། ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏེ་ཟུར་ཞུགས་གནང་། 

ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་འཁྱོངས་ལྷོད་མེད་ངང་སྲ་བརྟན་དུ་བཏང་སྟེ། མུ་མཐུད་དུ་བློ་ལ་བྱང་ཆུབ་པའི་ཐད་ལ་ཤུགས་བརྒྱབ་སྟེ “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་“གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་ཡི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་མིག་དཔེ་སྟོན་དགོས། དམངས་ཆེན་གྱི་དོན་དངོས་དང་“དམངས་ཆེན་གྱི་ལས་དོན་དངོས་འབེབས་ལོ་”སོགས་ཀྱི་ལས་འགན་དང་ཟུང་འབྲེལ་དམ་པོ་བྱས་ནས། དག་ཐེར་ཡོ་བསྲང་ནན་འཛིན་དང་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་དམངས་ཆེན་གྱི་ལས་དོན་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ཡུན་རིང་སྒུལ་ཤུགས་སུ་བསྒྱུར་བར་ཤུགས་རྒྱག་དགོས། 

ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན། ཏང་ཙུའུ་ཡི་གཙོ་ཁྲིད་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་ནན་མོ་བྱེད་པ་དང་ཆབ་སྲིད་ཀྱི་དམིགས་ཚད་ཇེ་མཐོར་བཏང་ནས། རང་འགན་སྒྲུབ་དབང་དེ་ཤུགས་རྒྱག་ས་བྱས་ཏེ་དངོས་ཐོག་བདེན་འཚོལ་གྱི་ལས་ཀའི་རྩ་དོན་དང་ཁྲིམས་ལྟར་ཚན་རིག་དང་མཐུན་ལ་ཚད་ལྡན་ངང་ལས་དོན་ནན་གྱིས་སྒྲུབ་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྨང་གཞིའི་ལས་ཀར་ཤུགས་སྣོན་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་དང་ལས་དོན། འཛུགས་སྐྱོང་བཅས་མཉམ་དུ་སྐུལ་འདེད་གཏོང་དགོས་ལ། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་ཨུ་ཡོན། ལས་བྱེད་པ་བཅས་མཉམ་དུ་ནན་འཛིན་བྱེད་དགོས། ཆབ་སྲིད་དང་བསམ་བློ། སྤྱོད་ཚུལ་བཅས་མཉམ་དུ་འཛུགས་སྐྱོང་བྱས་ནས་ཏང་ལ་བློ་དཀར་སེམས་དཀར་ཡིན་པའི་ཆབ་སྲིད་ལས་ཁུངས་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་དབང་འཛིན་ལས་ཁུངས། དམིགས་ཡུལ་ལག་ལེན་བསྟར་བའི་འཐུས་ཚབ་ལས་ཁུངས། དངོས་སྒྲུབ་འགན་འཁུར་་བྱེད་པའི་དཔེ་བཟང་ལས་ཁུངས་བཅས་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱེད་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།