མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་བརྙན་རིས་གྲོས་ཚོགས་བསྡུས།

ཟླ་བཞི་བའི་ཚེས་བཅུ་བདུན་ཉིན། ཉིས་སྟོང་ཉི་ཤུ་ལོའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་བརྙན་ལམ་ཚོགས་འདུ་བསྡུས་ནས། འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2019ལོའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བྱས་པ་ལས་གཞན།  2019ལོའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་སྤྱི་སྡོམ་དང་། ད་ལོའི་ལས་དོན་ལ་བཀོད་སྒྲིག་བྱས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཡོན་ཀྲང་ཁྲིན་མེན་གོ་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཁྲིན་མེན་གོ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “རྒྱུན་འཁྱོངས་གཉིས”ཀྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་བ། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་བསྒྲུབ་པ་བཅས་བྱེད་དགོས། “མི་སྣ་གསོ་སྦྱོང་ཆེན་མོ་དང་ལས་གནས་དམག་སྦྱོང་ཆེན་མོ། ཁོར་ཡུག་བཅོས་སྒྲིག་ཆེན་མོ”བཅས་ཀྱི་ལས་དོན་གཏིང་ཟབ་སྤེལ་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། སེམས་བཟང་དང་ཁེངས་སྐྱུང་། གཟབ་ནན་བཅས་ཀྱི་ཁྲིམས་འཛིན་འདུ་ཤེས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཐོག་མཐའ་བར་གསུམ་ཀུན་དུ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བཅས་བྱས་ཏེ། ཁྲིམས་འཛིན་དམངས་ཕན་གྱི་བྱ་ཐབས་དོན་འཁྱོལ་ཏན་ཏིག་བྱེད་དགོས། འདྲི་གཅོད་ཡོངས་བསྒྲགས་ཀྱི་རྩ་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཆེད་དོན་ཁྲིམས་འཛིན་སྐོར་ཞིབ་གཏིང་ཟབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ལ་གནས་པའི་མངོན་གསལ་དོད་པའི་གནད་དོན་གཅིག་གྱུར་སྒོས་བཅོས་སྒྲིག་བྱེད་དགོས་ཟེར། 

ཁྲིན་མེན་གོ་ཡིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོསོའི་ཁྲིམས་ཁང་གིས་གྱོད་གཞི་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་གཙོ་གནད་གྱོད་གཞི་ཁག་གཅིག་ལ་ཞིབ་འཇུག་ཐག་གཅོད་བྱེད་པ། ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་གྱི“རྣམ་པ་བཞི”ཕྱོགས་བསྡུས་ངང་སྤྱད་དེ། “གྱོད་གཞི་གཅིག་ལ་ཞིབ་བཤེར་གཉིས”ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། “གྱོད་གཞིར་བརྟེན་ནས་ཀུན་སྤྱོད་གསལ་འགྲེལ་དང་། གྱོད་གཞིར་བརྟེན་ནས་སྒྲིག་ཁྲིམས་གསལ་འགྲེལ། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་པ”བཅས་ཀྱི་ཉེན་ཟོན་སློབ་གསོ་ནན་ཏན་ངང་སྤེལ་བ་དང་། “གཏན་འབེབས་གསུམ་”དོན་ཐོག་ཏུ་འཁྱོལ་རྒྱུ་སྔར་ལས་དམ་འཛིན་ཡག་པོ་བྱེད་པ། ལྟ་སྐུལ་ཚོད་འཛིན་ལམ་སྲོལ་གྱི་དཀའ་གནད་སེལ་གང་ཐུབ་བྱེད་པ། སའོ་སྒྱུར་བཅོས་ཀྱི་རྒྱབ་ལྗོངས་འོག་དབང་ཆ་གཤམ་སྤྲོད་བྱེད་པ་རྒྱ་ཡན་དུ་མི་གཏོང་བ་དང་། དབང་ཆ་སྤྱོད་པར་ལྟ་སྐུལ་དང་ལེན་བྱེད་པ། དབང་ཆ་དང་འགན་འཁྲི་གཅིག་མཐུན་ཡིན་པ་བཅས་ཀྱི་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་མ་ལག་བཙུགས་ནས། འདྲི་གཅོད་དབང་ཆ་གང་བྱུང་དུ་མི་སྤྱོད་པར་འགན་ལེན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།