མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས“མཚོ་སྔོན་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཀྱི་གནས་ཚུལ་བརྡ་ཁྱབ་ཚོགས་འདུ་བསྡུས།

ཟླ་བཞི་བའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་གྲངས་ཐོན་ཁུངས་དང་ཁོར་ཡུག་བྱ་བའི་ཨུ་ཡོན་ལྷན་ཁང་གིས“མཚོ་སྔོན་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཀྱི་གནས་ཚུལ་བརྡ་ཁྱབ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཆུ་བེད་ཐིན་སོགས་སྡེ་ཁག་བཅོ་ལྔ་ཡི་འབྲེལ་ཡོད་བྱ་བའི་གནས་ཚུལ་མཚམས་སྦྱོར་ལ་ཉན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཏུའུ་ཅེ་ཡིས་བསྟན་དོན། རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོ་ཡིན་པས། རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་ཀྱི་རང་བཞིན་ཆེན་པོ་ལྡན་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས། དེས་རང་ཞིང་གི་འཕེལ་རྒྱས་ལ་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད། ཞིང་ཆེན་སྲིད་གྲོས་ཀྱིས“མཚོ་སྔོན་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”དེ་ད་ལོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་སྲིད་གླེང་གྲོས་མོལ་གྱི་ཞིབ་འཇུག་བྱ་གཞིར་བརྩིས་ཡོད་ཅིང་། དེ་ནི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་གལ་ཆེན་དང་། སྲིད་གྲོས་ལས་དོན་གྱི་བླང་བྱ་དོན་འཁྱོལ་བྱེད་པ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སྟང་ཤིག་ཀྱང་ཡིན་ཟེར།

ཏུའུ་ཅེ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ལྟེ་གནས་ན་ཡོད་པའི་དམངས་གཙོའི་ཏང་ཁག་སོ་སོ་དང་། གྲོང་ཁྱེར་དང་ཁུལ་་སྲིད་གྲོས་ཀྱིས་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ། བརྗོད་དོན་གཙོ་བོར་དམིགས་ནས་སྐུལ་མ་མང་ཙམ་བྱེད་པ་དང་ཇུས་བཟང་མང་ཙམ་འདོན་པ། ཐབས་ཇུས་དངོས་མང་ཙམ་འདོན་པ་བཅས་བྱེད་དགོས། སྲིད་གྲོས་ཨུ་ཡོན་གྱིས་དུས་རབས་གསར་པ་དང་ཁ་ཕྱོགས་གསར་པ། འགན་འཁྲི་གསར་པ་བཅས་ཀྱི་བླང་བྱ་དང་རང་འགུལ་ངང་འཚམ་པར་བྱེད་པ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ཞིང་ཆེན་སྲིད་གྲོས་རྩ་འཛུགས་ཀྱི་རྟོག་ཞིབ་བྱེད་སྒོར་ཧུར་ཐག་ཞུགས་པ། དཀའ་གནད་སེལ་བ་དང་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་འགན་འཁྲི་སྒྲུབ་པའི་ཕན་ནུས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱེད་དགོས། སྲིད་ཞུགས་སྲིད་གླེང་གི་ལས་དོན་ཁྲོད་ཞུགས་མཁན་གྱི་ལས་ཁུངས་སོ་སོས་གྲོས་མོལ་སྲིད་གླེང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང་། རང་ངོས་ཀྱི་ཁྱབ་ཁོངས་ལ་གཞི་ཚུགས་རྒྱུར་མཐོང་ཆེན་བྱེད་པ། ཆེད་ལས་ཀྱི་དམིགས་བསལ་ཁྱད་ཆོས་དང་དམིགས་བསལ་ལེགས་ཆ་འདོན་སྤེལ་བྱེད་པ། ཕྱར་བ་གྲུ་འདེགས་བཅས་བྱས་ཏེ། རྟོག་ཞིབ་གཏིང་ཟབ་དང་རིགས་པས་ཁུངས་སྐྱེལ་གསལ་པོ། ཐབས་འདོན་ཇུས་འདོན་བཅས་བྱས་ནས། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཕན་འབྲས་སྔར་ལས་ཆེ་བ་ཐོབ་པར་བྱས་ཏེ། རང་ཞིང་གི་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཟེར། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།