མཚོ་སྔོན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བའི2020ལོའི་དོན་ལས་སྡེ་ཚན་གྱི་ལས་མི་བསྡུ་བའི་སྐོར་གྱི་དྲིས་ལན།

2020ལོའི་དོན་ལས་སྡེ་ཚན་གྱི་ལས་མི་བསྡུ་བའི་བྱ་བའི་བཀོད་སྒྲིག་སྐོར་གྱི་དྲིས་ལན།

རྒྱུགས་སྤྲོད་སློབ་མ་རྣམ་པ།

ཉེ་ཆར། རྒྱུགས་སྤྲོད་སློབ་མ་མང་པོ་ཞིག་གིས2020ལོའི་དོན་ལས་སྡེ་ཚན་གྱི་ལས་མི་བསྡུ་བའི་བྱ་བའི་གནས་ཚུལ་བློ་འདྲི་བྱེད་བཞིན་ཡོད་ལ། ད་ལྟ་འབྲེལ་ཡོད་གནད་དོན་ཐད་གཅིག་གྱུར་ལན་བཏབ་པ་གཤམ་གསལ།

གཅིག རང་རེའི་ཞིང་ཆེན་གྱིས2016ལོ་ནས་བཟུང་། དོན་ལས་སྡེ་ཚན་གྱི་ལས་མི་བསྡུ་བའི་ཡིག་རྒྱུགས་ཚང་མ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་མི་དོན་ཡིག་རྒྱུགས་ལྟེ་གནས་ཀྱིས་གཅིག་གྱུར་ཐོག་ཡིག་རྒྱུགས་བཟོ་བའི་རྒྱལ་ཡོངས་ཀྱི་མཉམ་རྒྱུགས་ནང་ཞུགས་པ་རེད། པྲོག་གསར་གློ་ཚད་ཀྱི་རིམས་ནད་གསར་པའི་ཤུགས་རྐྱེན་ཐེབས་པས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་མི་དོན་རྒྱུགས་ལེན་ལྟེ་གནས་ཀྱིས་ལོ་སྟོད་ཀྱི་ཟླ5པར་སྒྲིག་འཛུགས་བྱས་པའི་རྒྱལ་ཡོངས་ཀྱི་མཉམ་འབྲེལ་རྒྱུགས་ལེན་གནས་སྐབས་རྒྱུགས་མི་ལེན་པའི་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད།

གཉིས། ད་ལྟའི་ཆར། ངེད་ཐིན་གྱིས་ཞིང་ཆེན་སྲིད་གཞུང་གི་བླང་བྱ་གཞིར་བཟུང་སྟེ། 《2020ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་སྡེ་ཚན་གྱིས་ལས་མི་བསྡུ་བའི་བྱ་བའི་ཇུས་གཞི》བཟོ་རྒྱུར་དམ་འཛིན་བྱེད་བཞིན་ཡོད་པ་མ་ཟད། འབྲེལ་ཡོད་གོ་རིམ་ལྟར་སྙན་སེང་བཀའ་འཁྲོལ་ཡང་ཞུ་བཞིན་ཡོད་པ་རེད། ད་ལོའི་ལས་མི་བསྡུ་བའི་བྱ་བ་དེ་རྒྱལ་ཁབ་དང་རང་ཞིང་གི་བཀོད་སྒྲིག་གཞིར་བཟུང་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྔར་བས་སྐུལ་འདེད་གཏང་བ་དང་། ཤེས་ལྡན་མི་སྣ་དཀའ་ཚེགས་ཆེ་བའི་མཐའ་འཁོབ་ས་ཁུལ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་བྱ་རྒྱུ་རེད།

གསུམ། 《2020ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་སྡེ་ཚན་གྱི་ལས་མི་བསྡུ་བའི་བྱ་བའི་ཇུས་གཞི》ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་རྗེས་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་སྟེ། དོན་ལས་སྡེ་ཚན་གྱི་ལས་མི་བསྡུ་བའི་བྱ་བར་སྐུལ་འདེད་ཧུར་ཐག་གཏང་རྒྱུ་ཡིན་པ་རེད། ང་ཚོས་རིམས་ནད་འགོས་ཁྱབདང་འགྱུར་ལྡོག་གི་གནས་ཚུལ་ལ་དོ་ཁུར་དམ་ཟབ་བྱེད་པ་དང་། རིམས་ནད་ཀྱིས་ལས་མི་བསྡུ་བའི་ཡིག་རྒྱུགས་ཀྱི་ཤུགས་རྐྱེན་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱེད་པ། རང་འགུལ་ངང་གྲ་སྒྲིག་བྱ་བ་ཁག་ཡག་པོར་སྒྲུབ་པ། རྒྱུགས་ལེན་བྱེད་སྐབས་བདེ་འཇགས་ངང་བྱེད་ཐུབ་པའི་ཆ་རྐྱེན་འཛོམས་རྗེས་འཕྲལ་དུ་ལས་མི་བསྡུ་བའི་བྱ་བ་སྤེལ་འགོ་ཚུགས་པ་དང་ཆབས་ཅིག ས་ཁུལ་ཁག་གིས་དོན་ལས་བསྡེ་ཚན་གྱི་ལས་མི་བསྡུ་བའི་བྱ་བ་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་ཀྱང་བྱ་རྒྱུ་དང་། འབྲེལ་ཡོད་ཆ་འཕྲིན་ཞིང་ཆེན་མི་དོན་ཡིག་རྒྱུགས་ཆ་འཕྲིན་དྲ་བའི་ཐོག་དུས་ཐོག་ཏུ་ཁྱབ་སྒྲོག་བྱ་རྒྱུ་ཡིན་པ་རེད། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་ལས་མི་བསྡུ་བའི་ཡིག་རྒྱུགས་ཀྱི་གྲ་སྒྲིག་བྱ་བ་ནན་ཏན་ངང་ཡག་པོ་བསྒྲུབས་ནས། ཞིང་ཆེན་མི་དོན་ཡིག་རྒྱུགས་ཆ་འཕྲིན་དྲ་རྒྱས་ཁྱབ་སྒྲོག་བྱས་པའི་གདན་ཞུའི་ཆ་འཕྲིན་ལ་དོ་ཁུར་བྱ་དགོས། །

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།

2020ལོའི་ཟླ4པའི་ཚེས16ཉིན།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།