མཚོ་སྔོན་ཞིང་ཆེན་གྱི་དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་ལག་རྡང་སྦྲེལ་ནས་མདུན་དུ་སྐྱོད་པའི་བརྗོད་དོན་སློབ་གསོ་བྱ་འགུལ་གྱི་སྤྱི་སྡོམ་གྲོས་ཚོགས་ཟི་ལིང་ནས་ཚོགས།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་ལག་རྡང་སྦྲེལ་ནས་མདུན་དུ་སྐྱོད་པའི་བརྗོད་དོན་སློབ་གསོ་བྱ་འགུལ་གྱི་སྤྱི་སྡོམ་གྲོས་ཚོགས་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ཏུ་བྱ་འགུལ་སྤེལ་བའི་གནས་ཚུལ་དང་བླངས་པའི་གྲུབ་འབྲས་དང་ཉམས་མྱོང་ལ་སྤྱི་སྡོམ་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བའི་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་ཏི་ཀྲི་གྲོས་ཚོགས་ལ་ཞུགས་པར་མ་ཟད་བརྗེ་རེས་གཏམ་བཤད་གནང་།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། བརྗོད་དོན་སློབ་གསོའི་བྱ་འགུལ་སྤེལ་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་བརྗོད་དོན་སློབ་གསོ་བྱ་འགུལ་བཟང་བོར་སྤེལ་བར་སྣེ་ཁྲིད་སྐུལ་འདེད་དང་རྒྱབ་སྐྱོར་འགན་སྲུང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་དང་བཀོད་སྒྲིག་བཟང་བོ་བྱས་པ་དང་། དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་ཧ་ཅང་མཐོང་ཆེན་བྱས་པ་དང་རྩ་འཛུགས་ཞིབ་མོ་བྱས་པས། བརྗོད་དོན་སློབ་གསོ་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་བརྗོད་སྙིང་ཧ་ཅང་གསལ་ལ། ཁྱད་ཆོས་འབུར་ཐོན་དང་གྲུབ་འབྲས་མངོན་གསལ་བླངས་ནས། དུས་རབས་གསར་བའི་མཚོ་སྔོན་ཞིང་ཆེན་གྱི་ཏང་མང་མཉམ་ལས་ཀྱི་སྣང་བརྙན་གསར་བ་དང་དམངས་གཙོ་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་སྣང་བརྙན་གསར་བ་མངོན་པར་བྱས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་བྱ་འགུལ་གྱིས་དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་རྨང་གཞི་བརྟན་པོ་བཏིངས་པ་དང་། སྒུལ་ཤུགས་སྔར་ལས་ཆེན་པོ་བསྣན་ལ། རེ་བ་ཡང་གསར་བ་བཏོན་ཡོད། འགོ་ཚུགས་ས་གསར་བའི་སྟེང་བརྗོད་དོན་སློབ་གསོ་བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། རང་སྟེང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ནས། བརྗོད་དོན་སློབ་གསོས་བསྡུས་པའི་དྲང་ཕྱོགས་ཀྱི་ནུས་ཚད་དང་སྙིང་སྟོབས་དེ་འགན་སྒྲུབ་ཁག་ཁུར་གི་རང་རྟོགས་འགུལ་སྐྱོད་དང་གྲུབ་འབྲས་དངོས་ལ་བསྒྱུར་དགོས་ཟེར། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།