ཝང་ཡུས་ཡན་གྱིས“བློ་གྲོས་གཙང་གསུམ་ཆུ་འགོར་འདུས། མཚོ་སྔོན་གསར་པར་རམ་འདེགས་བྱེད”ཅེས་པའི་ཤེས་ལྡན་པའི་ལས་གཞིའི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་ནས་གཏམ་བཤད།

ཟླ་བཞི་བའི་ཚེས་བཅུ་བདུན་ཉིན། “བློ་གྲོས་གཙང་གསུམ་ཆུ་འགོར་འདུས། མཚོ་སྔོན་གསར་པར་རམ་འདེགས་བྱེད”ཅེས་པའི་ཤེས་ལྡན་པའི་ལས་གཞིའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཡི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཟི་ལིང་ནས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  རྩ་འཛུགས་པུའུ་ཡི་པུའུ་ཀྲང་། རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཡུས་ཡན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཡུས་ཡན་གྱིས་བསྟན་དོན། ཤེས་ལྡན་པའི་ལས་གཞིའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོག་རྒྱུ་ནི། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་ལས་དོན་གྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། ས་གནས་དང་སྡེ་ཁག་སོ་སོར་ཤེས་ལྡན་མི་སྣ་དཀོན་པ་དང་ཤེས་ལྡན་མི་སྣ་དགོས་མཁོ་ཆེ་བའི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་གཞི་རྟེན་ས་གལ་ཆེན་ཞིག་དང་། ཤེས་ལྡན་མི་སྣའི་ལས་དོན་ཁྲོད་ཀྱི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་བཅས་ཡིན་ཟེར།  ཁོ་མོས་ནན་གྱིས་བསྟན་དོན། ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་ངོས་འཛིན་གཅིག་གྱུར་ཡོང་བར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། ཤེས་ལྡན་པ་ནང་འདྲེན་བྱེད་པ། ས་ཁོངས་ལས་བརྒལ་བའི་ཤེས་ལྡན་པ་བཀོལ་བ་སོགས་ཀྱི་སྟབས་བསྟུན་བྱེད་ཐབས་བརྒྱུད་དེ། དགོས་མཁོ་ཆེ་ལ་ཧ་ཅང་དཀོན་པའི་ཤེས་ལྡན་པ་ཁག་གཅིག་གཅིག་བསྡུ་བྱས་ཏེ། མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ཤེས་ལྡན་པའི་འདེགས་སྐྱོར་སྔར་ལས་ནུས་ལྡན་མཁོ་འདོན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།