​མཚོ་སྔོན་ཞིང་ཆེན་གྱི་ཚད་གཞི་མཐོ་བའི་ཞིང་ཁའི་རྣམ་གྲངས73ལས་མང་ཆེ་བ་ལས་འགོ་བསྐྱར་ཚུགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན་ནས་ཤེས་རྟོགས་བྱུང་བར།  ཟླ3པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་ཚད་གཞི་མཐོ་བའི་ཞིང་ས་རྣམ་གྲངས73ལས།  ལས་འགོ་བསྐྱར་ཚུགས་རྣམ་གྲངས60ཡོད་པ་དང་།  ལས་འགོ་བསྐྱར་ཚུགས་བྱེད་ཚད84.5%ཟིན་ཡོད།

23.jpg

ལས་བཟོ་བའི་ལས་འགོ་བསྐྱར་འཛུགས་བྱེད་བཞིན་པ།

ལོ་གཅིག་གི་འཆར་གཞི་དཔྱིད་ཀར་ཐུག་ཡོད་ཟེར་བ་ལྟར། མཚོ་སྔོན་ཞིང་ཆེན་གྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་པའི“རྫོགས་ལྡན་གྱི་དུས་ཚིགས”ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པ་དང་། རྣམ་གྲངས་ལས་འགོ་བསྐྱར་ཚུགས་ལ་གཅིག་གྱུར་སྐུལ་འདེད་གཏོང་བ།  ལས་གཞིའི་སྤུས་ཚད་ཡག་པོ་ཡོང་བར་འགན་ལེན་བྱེད་པ།  རིམས་ནད་ཀྱིས་འགོར་འགྱངས་བྱས་པའི་དུས་ཚོད་བརྩོན་ལེན་བྱེད་པ་བཅས་ལ་ཧུར་ཐག་གིས་དམ་འཛིན་བྱས་ཏེ།  2019ལོར་བཙུགས་པའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་འགན་བདེ་བླག་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།  

24.jpg

ལས་ཡུལ་དངོས།

ཟླ3པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི2019ལོའི་ལོ་འཁོར་གྱི་ཚད་གཞི་མཐོ་བའི་ས་ཞིང་རྣམ་གྲངས73འོས་སྐུལ་འོས་ལེན་གྱི་ལས་དོན67ལེགས་འགྲུབ་བྱུང་བ་དང་།   ལས་འགོ་བསྐྱར་ཚུགས་ཀྱི་རྣམ་གྲངས60ཡོད་པ་དང་།  ལས་འགོ་བསྐྱར་ཚུགས་བྱེད་ཚད84.5%ཟིན་ལ་མ་དངུལ་སྒོར་དུང་ཕྱུར1.6བཏང་བ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།