ཡུལ་ཤུལ་གྱི་ལས་བྱེད་པ་དང་མང་ཚོགས3000ལྷག་ཙམ་གྱིས་ཤིང་འཛུགས་ནགས་བཟོའི་བྱེད་སྒོར་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དཔྱིད་ཀ་ཤར་བ་དང་བསྟུན། གཞི་ཁྱོན་ཆེ་བའི་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་ཤུགས་ཆེན་སྤེལ་ཞིང་། ཟླ4ཚེས15ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རུ་ལས་བྱེད་པ་དང་མང་ཚོགས་3000ལྷག་ཙམ་གྱིས་དེང་དུས་རི་བོ་སོགས་ས་ཆ་མང་པོར་ལྗོན་ཤིང་བཙུགས་པ་རེད།

“ད་ཆའི་ཡུལ་ཤུལ་གྱི་རྣམ་པ་གསར་པ་ནི་རླབས་ཆེན་མེས་རྒྱལ་གྱི་གཅེས་སེམས་དང་ཁ་འབྲལ་ཐབས་མེད། སྔོ་ལྗང་ལྗོན་ཤིང་བཙུགས་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་ཐབས་བྱེད་པ་ནི་ང་ཚོ་ཡུལ་ཤུལ་བའི་བྱེད་སྟངས་ཡིན། ཡུལ་ཤུལ་གྱི་འབྱུང་འགྱུར་ནམ་ཡང་སྔོ་ལྗང་ཡོང་བར་སྨོན”ཞེས་བྱེད་སྒོའི་ནང་ཞུགས་པའི་ཡུལ་ཤུལ་ཀྲོའུ་ཨུད་ཀྱི་དྲ་འཕྲིན་གཞུང་ལས་ཁང་གི་ལས་བྱེད་པ་ལིའུ་དབྱང་གིས་བཤད།

ཤིང་འཛུགས་ནགས་བཟོའི་བྱེད་སྒོ་མ་སྤེལ་བའི་ཉིན་གཅིག་གི་གོང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཡུལ་ཤུལ་གྲོང་ཁྱེར་དུ“4·14”

ཡོམ་འགོག་གེགས་སེལ་བྱས་ནས་ལོ་ངོ་བཅུ་འཁོར་བའི་དྲན་གསོའི་ཚོགས་ཆེན་འཚོགས་པ་དང་། སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་བའི་འཐུས་མི་བརྒྱ་ཕྲག་གིས་སྟབས་བདེ་ཤོས་ཀྱི་རྣམ་པའི་ཐོག་ནས་དྲིན་ཚོར་ཐང་ཆེན་དུ་འཛོམས་ནས་ལོ་བཅུའི་གོང་ཚེ་ལས་འདས་པའི་སྤུན་ཟླར་མྱ་ངན་ཞུས་པ་མ་ཟད། འབྱུང་འགྱུར་གྱི་འདུན་པ་ཟབ་མོ་མཚོན་པར་བྱས་པ་རེད།

“ཡུལ་ཤུལ་ལ་འཕོ་འགྱུར་ཆེན་པོ་བྱུང་སོང་། ཚང་མ་ཡངས་ཤིང་རྒྱ་ཆེ་བའི་ཁང་པ་གསར་པའི་ནང་སྤོས་ནས་འཚོ་བ་ཉིན་བཞིན་ལེགས་སུ་འགྲོ་ཡི་འདུག ང་ཚོས་ཏང་དང་སྲིད་གཞུང་གི་བཀའ་དྲིན་བློ་ལ་བརྟན་པོར་འཆང་བཞིན་ཡོད”ཅེས་དྲན་གསོའི་ཚོགས་ཆེན་ལ་ཞུགས་མཁན་མང་ཚོགས་ཀྱི་འཐུས་མི་འབྲུག་གྲགས་ཚེ་རིང་གིས་བཤད།

སྔོ་ལྗང་ལྗོན་ཤིང་འཛུགས་པའི་ཁྲོད་ནས་གཙང་གསུམ་ཆུ་འགོའི་ཐོག་མའི་བསམ་འདུན་ཡིད་ལ་བཅངས། ལོ་ངོ་བཅུའི་རིང་ཡུལ་ཤུལ་གྱིས་གཅེས་སེམས་ཆེན་པོ་ཡིད་ལ་འཆང་བཞིན་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་བཞིན་ཡོད། ལོ་ངོ་བཅུའི་རིང་ཡུལ་ཤུལ་གྱིས་གཙང་གསུམ་ཆུ་འགོའི་སྔོ་ལྗང་རྩི་ཤིང་སྲུང་སྐྱོང་ཐུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཉིན་བཞིན་ལེགས་སུ་ཕྱིན་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཟབ་ཏུ་ཕྱིན་ཡོད། ཡུལ་ཤུལ་གྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་ངེས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།