མཚོ་སྔོན་ཞིང་ཆེན་དམངས་འཐུས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་དྲུག་པ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་དང་། མ་ཝེ། ཉའོ་ཁྲེང་ཡོན། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏེ་བཅས་དང་། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་དང་དེ་བཞིན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཁྱོན57ཚོགས་འདུར་ཞུགས་ཡོད་པ་དེ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་ཡོད། ཝང་ཅན་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་གཙོ་སྐྱོང་གནང་བ་རེད། ཀྲང་ཀོང་རུང་གིས་མཇུག་བསྡུའི་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་ཕུལ་བའི་ཐེངས་འདིའི་ཚོགས་འདུའི་མི་དོན་དོན་ཚན་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གསན་པ་རེད། ཚོགས་ཐོག་ནས་ཚན་ཆུང་བགོས་ནས་མི་དོན་བྱ་བར་གྲོས་ཞིབ་བྱས་པ་དང་། བསྐོ་གཞག་བྱེད་འཆར་ཡོད་པའི་འོས་མིས་གཏམ་བཤད་སྤེལ།

ཚོགས་འདུའི་ཐོག་དབྱང་ཀྲི་ཝུན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པར་བསྐོ་གཞག་བྱ་རྒྱུར་གཏན་འཁེལ་བྱས་པ་རེད།

ཚོགས་ཐོག་ནས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།

ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་དང་། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲེན་མིང་གོ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་མོང་ཡུང་ཧྲན་སོགས་ཚོགས་འདུར་ཟུར་ཞུགས་གནང་བ་རེད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།