མཚོ་སྔོན་དུ་ཆེད་ལས་ལག་རྩལ་མི་སྣའི་ཐོབ་ཐང་ལག་ཁྱེར་དྲ་ཐོག་ནས་ལེན་ཐུབ་པ་ལེགས་འགྲུབ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རིམ་པ་གཉིས་པའི་འཛུགས་སྐྲུན་པའི་ཐོབ་ཐང་རྒྱུགས་གཞི་དང་ཞིང་ཆེན་རིམ་པའི་འཕྲོད་བསྟེན་རིགས་ཀྱི་ཐོབ་ཐང་རྒྱུགས་གཞི་གཉིས་ཀྱི་ལག་ཁྱེར་སྤྲོད་པའི་ཁྲོད། རྒྱུགས་གཞིར་ཞུགས་མཁན་མི1440ལ་གློག་རྡུལ་ལག་ཁྱེར་ཐོག་མར་སྤྲད་ནས་ཆེད་ལས་ལག་རྩལ་མི་སྣའི་ཐོབ་ཐང་ལག་ཁྱེར“དྲ་ཐོག་ནས་ལེན་པ་དང་དུས་ཐོག་ཏུ་ལེན་པ”མངོན་འགྱུར་བྱུང་།

 གློག་རྡུལ་ལག་ཁྱེར་སྤྲོད་པ་ནི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་དང་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ཞབས་ཞུའི“དྲ་གཅིག་ཀུན་ཁྱབ”ཀྱི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་ཞིང་། རྒྱུགས་སྤྲོད་སློབ་མས་མཚོ་སྔོན་གྱི་མི་དོན་ཡིག་རྒྱུགས་ཆ་འཕྲིན་དྲ་བར་ཞུགས་ནས་ཆེད་ལས་ལག་རྩལ་མི་སྣའི་ཐོབ་ཐང་ཡིག་རྒྱུགས་བདམས་ཏེ་ལག་ཁྱེར་ལེན་པ་དང་། དྲ་རྒྱས་གསལ་འདེབས་བྱས་པ་ལྟར་འབྲེལ་ཡོད་ལག་ཁྱེར་དཔར་ལེན་བྱས་ཆོག མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་གཉིས་པའི་བཟོ་སྐྲུན་པའི་གློག་རྡུལ་ལག་ཁྱེར་སྤྲད་ཟིན་པ་དང་མཚོ་སྔོན་ཞིང་ཆེན་གྱི་སྨན་གཡོག་ལས་གཉེར་ཐོབ་ཐང་ལག་ཁྱེར་དང་། རྒྱལ་ཡོངས་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣའི་ཐོབ་ཐང་ཚད་ལོན་ལག་ཁྱེར(ཞིང་ཆེན་རིམ་པ)མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས(སོག་ལུགས)སྨན་བཅོས་ཆེད་ལས་ལག་རྩལ་མི་སྣའི་ཐོབ་ཐང་ཚད་ལོན་ལག་ཁྱེར་སོགས་གློག་རྡུལ་ལག་ཁྱེར་རིགས་གསུམ་སྤྲོད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།