མཚོ་སྔོན་ཞིང་ཆེན་སྲིད་གཞུང་དབང་བོ་སྐྱོན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དབང་བོ་སྐྱོན་ཅན་ལས་དོན་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག2019ལོའི་དབང་བོ་སྐྱོན་ཅན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། 2020ལོའི་དབང་བོ་སྐྱོན་ཅན་གྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་སྲིད་གཞུང་གི་དབང་བོ་སྐྱོན་ཅན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཁོང་ཡུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། དབང་བོ་སྐྱོན་ཅན་གྱི་དངོས་ཡོད་དམངས་འཚོའི་གནད་དོན་ཐག་གཅོད་བྱས་ནས་དབང་བོ་སྐྱོན་ཅན་གྱི་བྱ་གཞག་སྤུས་ཚད་མཐོན་པོས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཏང་གི་དམིགས་ཡུལ་དང་སྤྱི་ཚོགས་ཡོངས་ཀྱི་ཕྱོགས་སོ་སོའི་ཐུན་མོང་གི་འགན་འཁྲི་ཞིག་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དབང་བོ་སྐྱོན་ཅན་གྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་། ཁ་ཚ་དགོས་གཏུག་གི་བསམ་པ། ལས་འགན་སྒྲུབ་སེམས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། དབང་བོ་སྐྱོན་ཅན་གྱི་ལས་ཀའི་འཇོན་ཐང་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། དབང་བོ་སྐྱོན་ཅན་གྱི་ཁེ་ཕན་ཡག་པོ་སྒྲུབ་པ་དང་བྱ་བ་དངོས་ནན་ཏན་གྱིས་སྒྲུབ་ནས་དབང་བོ་སྐྱོན་ཅན་གྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཡིག་ཚགས་བཟོས་པའི་དབང་བོ་སྐྱོན་ཅན་དབུལ་པོར་དོ་ཁུར་དང་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་སེམས་ནུས་གཅིག་སྒྲིལ་གྱིས་དབང་བོ་སྐྱོན་ཅན་གྱི་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པ་དང་། “བདེ་ཐང་མཚོ་སྔོན”འཛུགས་སྐྲུན་དང་ཟུང་འབྲེལ་གྱིས་སྔོན་འགོག་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། བདེ་ཐང་སླར་གསོའི་སྒྲིག་གཞི་དང་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་དབང་སྐྱོན་སྔོན་འགོག་དང་དབང་བོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱས་ནས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་གྲོན་དངུལ་སྤྱོད་ཚད་མཐོ་རུ་བཏང་སྟེ་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། “རང་བཞིན་གསུམ”ཆེ་རུ་གཏོང་བ་དང་། “ཅན་བཞི”མེད་པར་བཟོ་བ། “གྲངས་གཞི་ཆེན་མོ”སྤྱོད་ཤུགས་ཆེ་རུ་བཏང་ནས་བློ་གཅིག་སེམས་གཅིག་གིས་ལས་དོན་ཡག་པོ་སྒྲུབ་དགོས། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྱུར་བཅོས་གཏིང་ཟབ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ལས་ཁུར་མཉམ་ལེན་དང་ལས་དོན་སྤྱི་སྒྲུབ། ནུས་ཆེའི་འཁོར་སྐྱོད་ཀྱི་ལས་ཀའི་རྣམ་པ་ཕྱོགས་ཡོངས་ནས་ཆགས་པར་བྱས་ཏེ་དབང་བོ་སྐྱོན་ཅན་གྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།