མཚོ་སྔོན་གྱི་ཚད་གཞི་མཐོ་བའི་ས་ཞིང་རྣམ་གྲངས73ལས་འགོ་བསྐྱར་འཛུགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་པ་ལྟར་ན།  ཟླ3པའི་ཟླ་མཇུག་བར་མཚོ་སྔོན་གྱི་ཚད་གཞི་མཐོ་བའི་ས་ཞིང་རྣམ་གྲངས73ལས་འགོ་བསྐྱར་འཛུགས་བྱས་པ་དང་ལས་འགོ་བསྐྱར་འཛུགས་བྱས་ཚད84.5%ཟིན།

ལོ་གཅིག་གི་འཆར་གཞི་དཔྱིད་ཀར་ཐུག་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་པའི“རྫོགས་ལྡན་དུས་སྐབས”ལ་ནུས་ཤུགས་ཡོད་རྒུ་བཏོན་པ་དང་། རྣམ་གྲངས་ལས་འགོ་བསྐྱར་འཛུགས་ལ་སྐུལ་འདེད་གཏོང་བ་བཅས་བཟོ་འགོད་སྤུས་ལེགས་ཡོང་བར་འགན་སྲུང་བྱེད་པ་དང་།  རིམས་ནད་ཀྱིས་འགོར་འགྱངས་བྱུང་བའི་དུས་ཚོད་དམ་འཛིན་བྱས་ཏེ། 2019ལོར་རྣམ་གྲངས་བཙུགས་པའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་ལས་འགན་བདེ་བླག་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་། 

ཟླ3པའིཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི2019ལོའི་ཚད་གཞི་མཐོ་བའི་ས་ཞིང་རྣམ་གྲངས73གྱི་སུས་འཇོན་དེ་འགུག་གི་སྒྲུབ་འགན་ལེན་རྒྱུའི་རྣམ་གྲངས67ལེགས་འགྲུབ་བྱུང་བ་དང་། ལས་འགོ་བསྐྱར་འཛུགས་ཀྱི་རྣམ་གྲངས60ཟིན་པ་དང་ལས་འགོ་བསྐྱར་འཛུགས་བྱེད་ཚད84.5%ཟིན་པ་མ་ཟད། མ་དངུལ་སྒོར་དུང་ཕྱུར1.6གཏོང་བ་ལེགས་འགྲུབ་བྱུང་ཡོད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།