སྡོང་བོ་བཙུགས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་བྱེད་པ།

1125864097_15870085395941n.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་དཔལ་བཞད་པ་དང་བསྟུན་ནས་གཞི་ཁྱོན་ཆེ་བའི་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་ཞིག་ཟླ4བའི་ཚེས15ཉིན་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སྤེལ་འགོ་ཚུགས་ཤིང་། ལས་བྱེད་པ་དང་མང་ཚོགས3000ལྷག་གིས་སྟག་སྡེར་རི་བོ་སོགས་ས་ཆ་མང་པོ་རུ་སྔོ་ལྗང་གསར་བ་བཏབ་པ་རེད།

 ཟླ་བ་བཞི་བ་ནི་ཡུས་ཧྲུའུ་རུ་སྡོང་བོ་འཛུགས་པའི་རྫོགས་ལྡན་དུས་སྐབས་ཡིན་ལ། ལོ་རེའི་དུས་ཚིགས་འདིར་ཡུས་ཧྲུའུ་ཡི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་མཉམ་དུ་ལྗང་མྱུག་འཛུགས་པ་དེ་དར་སྲོལ་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།