མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་འདུ་ཤེས་འཛིན་སྟངས་སྐོར་གྱི་ཆེད་དོན་འཆད་ཁྲིད་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ནི་ཐེངས་ལྔ་བའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཡིན་པས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་དུས་སྐབས་གསར་པའི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་འདུ་ཤེས་འཛིན་སྟངས་ཀྱི་སྐོར་ནས་ཆེད་དོན་འཆད་ཁྲིད་སྤེལ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དེང་རབས་ཚན་རྩལ་སློབ་དཔྱོད་ཁང་གི་ཀྲུའུ་རིན། དགེ་རྒན་ཆེན་མོ་བ་ཀྲང་ཡུས་ལེང་ཆེད་དུ་གདན་དྲངས་ནས་ཆེད་དོན་འཆད་ཁྲིད་བྱས།རེབ་འདིའི་འཆད་ཁྲིད་དམིགས་ཡུལ་ནི་ཚང་མས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་བསམ་བློའི་གཡུལ་ས་ནན་སྲུང་དང་སིམ་འཛུལ་གཏོར་བཤིག་ལ་འགོག་ཟོན། གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་བདེ་འཇགས། སྐྱེ་ཁམས་བདེ་འཇགས་བཅས་འཛུགས་སྐྲུན་ལ་ཞབས་འདེགས་དང་འགན་ལེན་བྱས་མཐར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་རྨང་གཞི་བརྟན་པོ་འདིང་ཆེད་རེད།

ཆེད་དོན་འཆད་ཁྲིད་ཀྱིས་འདུ་ཤེས་འཛིན་སྟངས་ལས་དོན་གཙོ་བོར་བྱས་ནས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་འདུ་ཤེས་འཛིན་སྟངས་ཀྱི་ནང་དོན་དང་ཁྱད་ཆོས་བརྟན་པོ་འཛུགས་པ་དང་། འདུ་ཤེས་འཛིན་སྟངས་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། མིག་སྔར་འདུ་ཤེས་འཛིན་སྟངས་ཐད་གནས་པའི་གནད་དོན་གཙོ་བོ་དང་ཏང་གི་འདུ་ཤེས་འཛིན་སྟངས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་སོགས་ཀྱི་ཐད་སློབ་ཁྲིད་ལེགས་པོ་བྱས། འཆད་ཁྲིད་ལ་ཉན་མཁན་ཡོངས་ཀྱིས་མགྲིན་གཅིག་གིས་བཞེད་དོན། འཆད་ཁྲིད་གཏིང་ཟབ་ཅིང་ཁ་གསལ་བ་དང་། བསམ་བློའི་མཐོ་ཚད་དང་རིགས་པའི་གཞུང་ལུགས་ཀྱི་ཟབ་ཚད་ཡོད་པར་མ་ཟད། དེར་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཡང་ཆེན་པོ་ལྡན་པས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲི་འཁུར་བ་དང་། སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་སྔར་ལས་ཇེ་ལེགས་སུ་གཏོང་བ། ཏང་རྩ་འཛུགས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་ཁ་ཕྱོགས་སྔར་ལས་ཁ་གསལ་བཟོས་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།