ཝུའུ་ཧའེ་ཁུན་གྱིས་མཚོ་ནུབ་ཀྱི་དམངས་ཆེན་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་བྱ་བ་དང་འཛུགས་སྐྲུན་གྱི་ཆེད་དོན་རྟོག་ཞིབ་བྱ་བའི་བཀོད་སྒྲིག་ལྟར། ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ན་གོར་མོ་གྲོང་ཁྱེར། གཏེར་ལེན་ཁ། ཝུའུ་ལན་རྫོང་བཅས་ལ་སོང་ནས་དམངས་ཆེན་བྱ་བ་དང་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། འབྲེལ་ཡོད་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་ལ། ཞང་དང་གྲོང་རྡལ་སྐོར་ཞིག་གི་དམངས་ཆེན་གཞུང་སྒྲུབ་ཁང་དང་འཐུས་མིའི་བྱ་འགུལ་ཁང་ལ་ཡུལ་དངོས་ལྟ་ཞིབ་བྱས་པར་མ་ཟད། ཞིང་ཆེན་དང་ཁུལ། གྲོང་ཁྱེར་དང་རྫོང་། གྲོང་རྡལ་བཅས་རིམ་པ་བཞིའི་དམངས་ཆེན་འཐུས་མི་དང་བཞུགས་མོལ་བྱས་པ་དང་། ཡུལ་དངོས་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་བསམ་འཆར་བསྡུ་ལེན་བྱས་ལ། ཐག་གཅོད་བྱེད་ཐབས་ལ་གྲོས་སྡུར་བྱས།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད། གཞི་རིམ་དམངས་ཆེན་གྱི་འཐུས་མི་དང་ཞིང་ཆེན་ནོར་སྲིད་ཐིན་གྱི་འགན་ཁུར་བློ་མཐུན་བཅས་རྟོག་ཞིབ་ལ་ཞུགས།

ཝུའུ་ཧའེ་ཁུན་གྱིས་ནན་གྱིས་བསྟན་དོན། འགན་འཁྲི་ཁག་ཁུར་ལ་ཤུགས་བསྣན་ནས། ཧུར་ཐག་གིས་དུས་རབས་གསར་བའི་དམངས་ཆེན་བྱ་བ་བཟང་བོར་བསྒྲུབ་དགོས། གཅིག་ནས་ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རང་རྟོགས་སྒོས་ཏང་གི་འགོ་ཁྲིད་དམངས་ཆེན་གྱིས་ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ་དང་། དམངས་ཆེན་བྱ་བའི་ཕྱོགས་སོ་སོར་ལག་བསྟར་བྱེད་དགོས། གཉིས་ནས་རང་འགན་བྱ་བར་དམིགས་ནས། ཁྲིམས་འཛུགས་དབང་ཆ་དང་ལྟ་སྐུལ་དབང་ཆ། དོན་དག་གལ་ཆེན་གྱི་ཐག་གཅོད་དབང་ཆ། མི་དོན་བསྐོ་འཐེན་དབང་ཆ་བཅས་ལག་བསྟར་བཟང་བོ་བྱེད་པ། རང་འགུལ་ནུས་པ་འདོན་སྤེལ་བྱས་ཏེ། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་དམངས་ཆེན་གྱི་སྟོབས་ཤུགས་འབུལ་དགོས། གསུམ་ནས་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པ་དང་། འཐུས་མིའི་བྱ་བའི་བསམ་ཕྱོགས་གསར་བ་དང་བྱེད་ཐབས་གསར་བ་འཚོལ་ཞིབ་བྱེད་པ། འཐུས་མིའི་འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བ། འཐུས་མིའི་བྱ་འགུལ་སྤེལ་ནས། འཐུས་མིའི་རང་རྟོན་འདུ་ཤེས་དང་མཚན་སྙན་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། བཞི་ནས་རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རིམ་པ་སོ་སོའི་དམངས་ཆེན་གྱིས་གནད་དོན་ཁྲིད་ཕྱོགས་དང་ཕན་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གོང་འོག་མཉམ་འགུལ་ལ་ཤུགས་སྣོན་པ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཕྱོགས་ངོས་སོ་སོས་ནས་མཉམ་དུ་དམངས་ཆེན་བྱ་བ་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དམངས་ཆེན་བྱ་བའི་སྤྱི་ཁོག་གི་མཉམ་ཤུགས་གྲུབ་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།