ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད།
མཱ་ཅི་ཞའོ་ཡིས་བསྟན་དོན། ཞིང་ཆེན་སྤྱིའི་བཟོ་ཚོགས་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་ཚུན་དུ། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་སློབ་སྦྱོང་ལ་ཤུགས་བསྣན་ནས་རང་བཞིན་གསུམ་ཇེ་དྲག་ཏུ་གཏོང་བ་དང་། དཀྱིལ་སྙིང་ལ་དམིགས་ནས་དོན་ཆེན་ལ་དམ་འཛིན་བྱེད་པ། རང་འགུལ་གྱིས་འཕེལ་རྒྱས་བརྩོན་ལེན་བྱེད་པ། དྲིལ་སྒྲོག་གཏིང་ཟབ་བྱས་ནས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། བློ་སེམས་རྩེ་གཅིག་གིས་ཞབས་ཞུ་ལ་ཤུགས་སྣོན་པ་དང་བསམ་ལམ་རྒྱ་སྐྱེད་དེ་གསར་གཏོད་ལ་སྐུལ་འདེད་གཏོང་བ། སེམས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་འགོག་རྒོལ་བྱེད་པ་བཅས་བྱས་ཏེ། བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་བཟོ་ཚོགས་ཀྱི་བྱ་བར་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་ཟེར།
མཱ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་དུས་ཚོད་དམ་འཛིན་བྱས་ནས་གཙོ་གནད་དམ་འཛིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། ས་བབ་དང་དུས་ཚོད་དང་བསྟུན་ནས་བྱ་བའི་ཤུགས་འདོན་ས་དང་བྱེད་ཐབས་ལེགས་སྒྲིག་བྱས་ཏེ། ཕྱོགས་གཉིས་ལ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། དཀའ་གནད་ཐག་གཅོད་པ་དང་། བསམ་བློའི་སྣེ་ཁྲིད་ཀྱི་ཁ་གཏད་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། རྒྱ་ཆེའི་ལས་བཟོ་བ་དང་མང་ཚོགས་ཀྱིས་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་ནས་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་པར་ཁག་ཐེག་བྱེད་དགོས། བློ་རྩེ་གཅིག་སྒྲིམ་གྱིས་དཀའ་གནད་ཐག་གཅོད་པ་དང་། བྱ་བའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། ཧུར་ཐག་གིས་བཟོ་ཚོགས་ལམ་ལུགས་ཀྱི་དགེ་མཚན་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་ནས། མང་ཚོགས་ཚོགས་པའི་བྱ་བའི་ཐོན་ཁུངས་དང་བྱ་བའི་སྟོབས་ཤུགས་མཉམ་བསྲེས་བྱེད་དགོས། བསམ་ཕྱོགས་གསར་གཏོད་བྱས་ནས་རྨང་གཞི་བརྟན་པོ་འདིངས་པ་དང་། བཟོ་ཚོགས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་ལམ་ལུགས་འཛུགས་པ། ལས་རྐང་གཅིག་ལ་འགན་འཁྲི་གཉིས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། གཞི་རིམ་བཟོ་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་དང་བཟོ་ཚོགས་ཀྱི་ལས་བྱེད་པའི་གསོ་སྦྱོང་སྐྱེད་སྲིང་ལ་ཤུགས་བསྣན་ནས། བྱ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་རྩ་འཛུགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཟེར། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ཟི་ལིང་ནས་བསྡུས།