ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་བྱེད་སྒོ་སྤེལ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཉེ་བའི་ལོ་འགའི་རིང་ཐེར་འདོན་བདག་སྤྲོད་ཁ་པར་དང་དྲ་ཚིགས་བརྒྱུད་རང་འགུལ་ངང་ཐེར་འདོན་ཁུངས་སྣེ་མཁོ་འདོན་བྱེད་མཁན་དང་། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་སྣ་ཚོགས་ལ་དོགས་ཟོན་དང་། བཀག་འགོག རྡུང་རྡེག་བྱེེད་པ་བཅས་ལ་གཟེངས་བསྟོད་བྱས་པ་དང་། ཧོ་ཆེ་གེ་མོ་སོགས་བྱས་རྗེས་གལ་ཆེན་བཞག་ཡོད་པར་བྱ་དགའ་གནང་།
མཚམས་སྦྱོར་བྱས་པ་ལྟར་ན། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས2015ལོའི་ཟླ11པར12339ཐེར་འདོན་བདག་སྤྲོད་ཁ་པར་ཤར་གཏོང་བྱས་པ་དང2018ལོའི་ཟླ4ཚེས15ཉིན་ཐེར་འདོན་བདག་སྤྲོད་ལས་སྟེགས་ཀྱི་དྲ་ཚིགས་www.12339དང་། gov. cnདངོས་སུ་སྤྱོད་འགོ་ཚུགས་པ་རེད། ཐེར་འདོན་གོང་ཞུའི་ཁ་པར་དང་དྲ་ཚིགས་ཤར་གཏོང་ཐུབ་པ་ནས་བཟུང་། རྒྱ་ཆེའི་མང་ཚོགས་ཀྱིས་མཚོ་སྔོན་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་ཐེར་འདོན་བྱས་ནས་དོགས་ཡོད་ཁུངས་སྣེ་འབོར་ཆེན་མཁོ་འདོན་བྱས་ཏེ་མཚོ་སྔོན་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་མྱུལ་ཞིབ་གཏིང་ཟབ་བྱས་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནུས་ལྡན་གཏོང་རྒྱུར་རྒྱབ་སྐྱོར་བྱས་པས། མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་གསང་མྱུལ་ཉེས་གསོག་ལ་རྡུང་རྡེག་བྱེད་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་།
རྒྱལ་ཁབ་བདེ་འཇགས་ནི་ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་བརྟེན་དགོས། ཤེས་གསལ་བྱུང་བ་ལྟར་ན། རྗེས་མར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མུ་མཐུད་དུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆེད་དོན་ལས་དོན་དང་མང་ཚོགས་ལམ་ཕྱོགས་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མང་ཚོགས་ཀྱི་རྒྱབ་སྐྱོར་དང་རོགས་སྐྱོར་ལ་བརྟེན་པ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་རྒྱ་ཆེའི་མང་ཚོགས་དང་མཉམ་དུ་སྤྱི་ཚོགས་ཡོངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པར་བརྩོན་ལེན་བྱེད་དགོས། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་ཐེར་འདོན་བྱེད་པར་བྱས་རྗེས་གལ་ཆེན་བཞག་པའི་མི་སྣར་གཟེངས་བསྟོད་བྱས་པ།