མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་དཀའ་ཁག་ཡོད་པའི་མང་ཚོགས་ལ་གནས་སྐབས་རོགས་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་སྔོན་འགོག་གི་སྐབས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་རིམས་ནད་སྔོན་འགོག་སྐབས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོར་དུས་ཐོག་ཏུ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་པ་དང་། སྔ་རྗེས་སུ་འབྲེལ་ཡོད་ཡིག་ཆ་བཀྲམ་ནས་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཡག་པོ་བྱ་རྒྱུར་སྲིད་ཇུས་ཀྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཕྱོགས་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱས་པ་བརྒྱུད་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་བཏང་ནས་རིམས་ནད་ཀྱི་རྐྱེན་ལས་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གནས་སྐབས་རང་བཞིན་གྱི་འཚོ་བའི་དཀའ་ཁག་ཐག་གཅོད་ནུས་ལྡན་བྱས་ཤིང་། དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བྱས་ན་མི་ཐེངས་92707ལ་སྐབས་བསྟུན་རོགས་སྐྱོར་བྱས་པ་དང་ཁྱོན་ཁ་གསབ་མ་དངུལ་སྒོར་ཁྲི11648བཏང་ཞིང་དེ་ལོ་སྔོན་མའི་དུས་མཚུངས་ལས་སོ་སོར210%དང་146%གིས་འཕར་ཡོད་པ་རེད།

རིམས་ནད་སྔོན་འགོག་གི་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་མི་འདྲ་བར་གཞིགས་ནས། ཞིང་ཆེན་དམངས་སྲིད་ཐིང་གིས་སྐབས་བསྟུན་རོགས་སྐྱོབ་ཀྱི་མཐིལ་འདེགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དངུལ་རྐྱང་དང་དངོས་པོའི་རོགས་སྐྱོབ་བྱེད་སྟངས་སྟབས་བསྟུན་ངང་སྤྱད་དེ། གཞི་རྩའི་འཚོ་བའི་འགྲོ་སོང་སྣ་ཚོགས་ལ་ཁ་གཏད་འཇལ་དགོས་རིགས་དུས་ཐོག་ཏུ་དངུལ་རྐྱང་ཁ་གསབ་འདང་ངེས་སྤྲད་པ་དང་། ཁ་ཐུམ། ལག་ཤུབས། དུག་སེལ་གཤེར་ཁུ་སོགས་རིམས་འགོག་དངོས་རྫས་མེད་པ་དང་དེ་བཞིན་ཕྱེ་སྣུམ་འབྲས་གསུམ་སོགས་གཞི་རྩའི་འཚོ་བའི་དངོས་རྫས་ཀྱི་དགོས་མཁོ་མེད་རིགས་ལ་སྲིད་གཞུང་གིས་གཅིག་གྱུར་ཐོག་ཉོ་སྒྲུབ་བྱས་ཏེ་སྤྲད་པ་དང་། དེ་དང་ཆབས་ཅིག་ལས་ཐོན་བསྐྱར་འཛུགས་དང་རོགས་སྐྱོབ་འགན་ལེན་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་ཁྱིམ་ཚང་ཁྲོད་སློབ་གྲྭར་འགྲིམ་པ་དང་ངལ་རྩོལ་མཁན་ལ་གནས་སྐབས་རོགས་སྐྱོར་བྱས་པ་བརྒྱུད་སློབ་ཡོན་དང་། འཚོ་བའི་འགྲོ་གྲོན། དེ་བཞིན་རིམས་འགོག་དངོས་རྫས་སོགས་གཞི་རྩའི་དགོས་མཁོ་ཐག་གཅོད་མཐའ་འཁྱོལ་བྱས་པ་རེད།  

རིམས་ནད་སྔོན་འགོག་གི་སྐབས་སུ། ས་གནས་ཁག་གི་དམངས་སྲིད་སྡེ་ཁག་གིས་བྱ་བའི་བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱས་ནས། ཤང་དང་གྲོང་རྡལ་སྲིད་གཞུང་གི་རོགས་སྐྱོར་ཞིབ་མཆན་གོ་རིམ་སྟབས་བདེ་རུ་བཏང་ལ། ཞིབ་འཇུག་བྱས་ཏེ་སྐྱོབ་བཅོས་དུས་གཅིག་ཏུ་བྱེད་པའི་སྒྲིག་སྲོལ་བཙུགས་ཤིང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་སྟབས་བདེ་བསྐྲུན་གང་ཐུབ་བཅས་བྱས་པས་དུས་ལྟར་རོགས་སྐྱོར་གྱི་ཕན་འབྲས་སྔར་བས་མཐོ་རུ་ཕྱིན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།