ཏང་གི་ཚོགས་ཆེན་བཅུ་དགུ་པའི“སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་ཐེར་འདོན་གོང་ཞུའི་ལས་སྟེགས་འཛུགས་པའི”བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་བླང་བྱ་གཞིར་བཟུང་། ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་གཅིག་གྱུར་ཐོག་འཛུགས་སྐྲུན་བྱས་པའི“12388” ཐེར་འདོན་ཁ་པར་བདག་སྤྲོད་གཞུང་ལས་ཁང་ད་ལྟ་བསྐྲུན་ཚར་བ་དང་། 2020ལོའི་ཟླ4ཚེས15ཉིན་ནས་བཟུང་དངོས་སུ་སྤྱོད་འགོ་བརྩམས་པ་ཡིན། ད་ལྟ་འབྲེལ་ཡོད་དོན་བརྡ་ཐོ་བཏང་བ་གཤམ་གསལ།
དང་པོ། 12388ཁ་པར་གྱི་སྒྲིག་འཛུགས་གནས་ཚུལ།
མང་ཚོགས་ཀྱིས12388ཁ་པར་ཐོག་ནས་མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བདག་སྤྲོད་བྱེད་ཁོངས་སུ་གཏོགས་པའི་ཉེས་འདོན་ཞུ་གཏུག་དང་སྐྱོན་བརྗོད་གྲོས་འགོ་ཡར་ཞུ་བྱ་ཆོག ཡར་ཞུ་མཁན་གྱི་ཁ་པར་ཨང་གྲངས་མཚོ་སྔོན་ནས་ཡིན་ན། ཐད་ཀར12388ལ་ཁ་པར་བཏང་ཆོག ཡར་ཞུ་མཁན་གྱི་ཁ་པར་ཨང་གྲངས་མཚོ་སྔོན་ནས་མིན་ན། ཨང་གྲངས་སྔོན་དུ་ཁུལ་ཨང0971བསྣན་ནས་ཁ་པར་གཏོང་དགོས། གྲོང་ཁྱེར་དང་ཁུལ་ཁག་གི་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་དེ་སྔའི་ཐེར་འདོན་གོང་ཞུའི་ཁ་པར། 0970-12388དང་། 0972-12388、0973-12388、0974-12388、0975-12388、0976-12388、0977-12388、0979-12388、0971-8230214བཅས་ཀྱི་ཐེར་འདོན་གོང་ཞུའི་ཁ་པར་ཚང་མ12388ཁ་པར་ཐེར་འདོན་གོང་ཞུའི་བདག་སྤྲོད་ལས་སྟེགས་སུ་སྒྱུར་ཟིན། ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་གཅིག་གྱུར་ཐོག་བདག་སྤྲོད་བྱ་རྒྱུ་རེད།
གཉིས་པ། 12388ཐེར་འདོན་ཁ་པར་བདག་སྤྲོད་བྱེད་ཁོངས་དང་བདག་སྤྲོད་མི་བྱེད་པའི་དོན་དག
(གཅིག)བདག་སྤྲོད་བྱེད་ཁོངས།
1 ཏང་གི་རྩ་འཛུགས་དང་ཏང་ཡོན་གྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། བྱ་བའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་སྐོར་གྱི་ཐེར་འདོན་དང་ཞུ་གཏུག
2.ལྟ་ཞིབ་བྱ་ཡུལ། (ལྟ་ཞིབ་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་རིགས་དྲུག་གི་གཞུང་ལས་མི་སྣ། གཤམ་དང་མཐུན།) ཁྲིམས་ལྟར་འགན་འཁྲི་མི་སྒྲུབ་པ་དང་། གཞུང་དྲང་ངང་དབང་ཆ་སྤྱོད་པ་དང་། སྤྱོད་གཙང་སྲིད་ཞུགས་ལས་གཉེར། དེ་བཞིན་ཀུན་སྤྱོད་སྤྱོད་ལམ་སོགས་ཀྱི་གཏན་འབེབས་ལས་འགལ་ནས་ལྐོག་ཟ་རུལ་སོང་། ལྐོག་རྔན་སྤྲོད་ལེན་དང་། འགན་དབང་གང་བྱུང་དུ་སྤྱོད་པ། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། དབང་ཆར་བརྟེན་ནས་བོགས་གཏོང་བྱེད་པ། ཁེ་ཕན་སྤྲོད་ལེན། ཉེར་ཕྱོགས་གཡོ་ཟོལ་བྱེད་པ། དེ་བཞིན་རྒྱལ་ཁབ་ཀྱི་རྒྱུ་ནོར་ཆུད་ཟོས་སུ་གཏོང་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཀྱི་དོགས་གཞི་ཡོད་པའི་ཐེར་འདོན་ཞུ་གཏུག
3. ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་། རུལ་སོང་ལ་རྒོལ་བའི་སྐྱོན་བརྗོད་དང་གྲོས་འདོན།
(གཉིས)བདག་སྤྲོད་མི་བྱེད་པའི་དོན་དག
1.ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པའམ་ཡང་ན་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཐག་གཅོད་གཞན་དག་བྱས་པ་ཁས་མི་ལེན་པའི་ཞུ་འབུལ།
2.ལྟ་ཞིབ་ལས་ཁུངས་ཀྱིས་རང་ཉིད་དང་འབྲེལ་བའི་ཐག་གཅོད་མཇུག་འབྲས་ལྟ་ཞིབ་བྱ་ཡུལ་གྱི་བློར་མ་བབས་པའི་ཞུ་འབུལ། བརྟག་དཔྱད་བྱ་ཡུལ་གྱི་མི་དང་དེའི་གཉེན་ཉེ་ཡིས་ལྟ་ཞིབ་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བ་དང་། བརྟག་དཔྱད་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་ཀྱི་ཞུ་འབུལ།
3. དེ་སྔའི་སྲིད་འཛིན་ལྟ་ཞིབ་ལས་ཁུངས་ཀྱིས་བཟོས་པའི་ཆབ་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་དང་ཐག་གཅོད་གཞན་དག་ཁས་མི་ལེན་པ་དང་རེ་ཞུའི་དུས་བཀག་ལས་བརྒལ་མེད་པའི་ཞུ་འབུལ། གལ་ཏེ་ཞུ་འབུལ་བྱེད་མཁན་གྱིས་ཞུ་འབུལ་གྱི་དོན་ཚན་བཏོན་ན། ངོ་གཏུག་དང་། འཕྲིན་ཡིག དྲ་རྒྱ་སོགས་བྱེད་ཐབས་གཞན་དག་སྤྱད་ཆོག
གསུམ་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བདག་སྤྲོད་མི་བྱེད་པའི་དོན་དག
1.ཁྲིམས་ལྟར་གཏུག་བཤེར་དང་། འདུམ་གཅོད། སྲིད་འཛིན་ཁྲུན་གཅོད། སྲིད་འཛིན་བསྐྱར་གྲོས་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཐག་གཅོད་བྱས་ཟིན་པ་དང་བྱེད་བཞིན་པ།
2.འབྲེལ་ཡོད་གཏན་འབེབས་ལྟར་ལས་ཁུངས་སམ་སྡེ་ཚན་གཞན་དག་གི་འགན་འཁྲིའི་ཁོངས་སུ་གཏོགས་པའི་རིགས།
3. སྒྲིག་འགལ་དང་ལས་ཐོག་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཀྱི་མིང་ཁོ་ན་ལས། དོན་དངོས་ཀྱི་བདེན་དཔང་མེད་པའི་ཐེར་འདོན་དང་ཞུ་གཏུག
བཞི་བ། ཁ་པར་ལེན་པའི་དུས་ཚོད།
(གཟའ་ཟླ་བ་ནས་གཟའ་པ་སངས་བར་གྱི་སྔ་དྲོའི་ཆུ་ཚོད8:30-12:00དང་ཕྱི་དྲོའི་ཆུ་ཚོད14:30-18:00བར་ཡིན། གཟའ་སྤེན་པ་དང་གཟའ་ཉི་མ་དང་དེ་མིན་གྱི་དུས་ཚོད་ནི་སྐད་འཇོག་པའི་དུས་ཚོད་ཡིན།
ལྔ་བ། གཞན་དག
ཟི་ལིང་གྲོང་ཁྱེར་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་དེ་སྔའི་ཐེར་འདོན་ཁ་པར་ཨང་གྲངས0971-8230214དེ2020ལོའི་ཟླ4ཚེས15ཉིན་ནས་བཟུང་སྤྱོད་མཚམས་འཇོག་རྒྱུ། རྫོང(གྲོང་ཁྱེར་དང་ཁུལ)སོ་སོའི་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་དེ་སྔའི་ཐེར་འདོན་གོང་ཞུའི་ཁ་པར་མུ་མཐུད་སོར་འཇོག་བྱས་ཏེ་མང་ཚོགས་ཀྱི་རེ་ཞུ་བདག་སྤྲོད་བྱེད་པའམ་ཡང་ན་བློ་འདྲི་དང་ལེན་བྱེད་པའི་འབྲེལ་གཏུག་ཁ་པར་ཞིག་ཏུ་བརྩིས་ནས་ཆེད་དམིགས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གོང་ཞུའི་བདག་སྤྲོད་ཁ་པར་དུ་མི་བརྩི། །
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
12388ཐེར་འདོན་ཁ་པར་བདག་སྤྲོད་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པའི་སྐོར་གྱི་བརྡ་ཁྱབ།