རྨ་ལྷོ་ཁུལ་གྱིས་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་པ།

WX20200414-111237@2x.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།  རྨ་ལྷོ་ཁུལ་ཨུས་རྒྱུན་ཨུའི་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་མགོ་ཁྲིད་དམིགས་བསལ་དབུ་ཚོགས་སྟེང་གནང་བའི་གསུང་བཤད་དང་། ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད། ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཧུའུ་པེ་ཞིང་ཆེན་དུ་ཏོག་གསར་གློ་ཚད་འགོག་སྡོམ་ལས་དོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད》ཟླ3པའི་ཚེས27ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ།  ཟླ4བའི་ཚེས8ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ། ཟླ3པའི་ཚེས23ཉིན་དང་ཚེས26ཉིན། ཚེས30ཉིན། ཟླ4བའི་ཚེས6ཉིན་བཅས་ཀྱི་ཀྲུང་དབྱང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས། ཁུལ་ཨུའི་ཧྲུའུ་ཅིའམ་རིམས་ནད་འགོག་སྡོམ་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཝང་ཀྲིན་ཁྲང་གིས་ཚོགས་འདུར་མགོ་འཛིན་བྱས་ཐོག  ཉེ་དུས་རིམས་ནད་འགོག་སྡོམ་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས།

ཚོགས་འདུས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱིས་ཏོག་གསར་གློ་ཚད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་གྱི་རྣམ་པ་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་སྒོས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་བསྡུས་ཤིང་ཀྲེ་ཅང་དུ་རྟོག་ཞིབ་གནང་བར་ཕེབས་པ་དེས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་བློ་བརྟན་འགྱུར་མེད་ཀྱི་འཕེལ་རྒྱས་ཀྱི་ངེས་ཤུགས་མཚོན་ལ། དམངས་ལ་བཅངས་པའི་ཟོལ་མེད་ཀྱི་བརྩེ་སེམས་ལས་རིམས་ནད་འགོག་སྡོམ་གྱི་མི་དམངས་ཀྱི་འཐབ་འཛིང་དང་། སྤྱི་ཡོངས་ཀྱི་འཐབ་འཛིང་། འགོག་རྒོལ་གྱི་འཐབ་འཛིང་བཅས་ལ་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཕྱིར་མངོན་ཡོད་པ་མ་ཟད། ཀྲེ་ཅང་དང་རྒྱལ་ཡོངས། འཛམ་གླིང་ཡོངས་ལ་རིམས་ནད་ལས་རྣམ་པར་རྒྱལ་ཞིང་དཀའ་ངལ་ལས་ཐར་བའི་ཡིད་ཆེས་དང་ངར་ཤུགས་འཕེལ་བར་བྱས་ཡོད། རིམས་ནད་འགོག་སྡོམ་བྱེད་པར་གཙོ་བོ་ཕྱིར་ཡོང་སྔོན་འགོག་དང་ནང་ནས་ཡང་བསྐྱར་འཕར་བ་སྔོན་འགོག་བྱས་ནས་དེ་རྒྱུན་གཏན་ཅན་དུ་གཏོང་བ་དང་མཉམ་དུ། ཐོན་སྐྱེད་འཚོ་བའི་སྒྲིག་སྲོལ་སླར་གསོ་ལ་བཀོད་སྒྲིག་བྱས་ཏེ། ང་ཚོས་རིམས་ནད་འགོག་སྡོམ་ལ་སྤྱི་འདོམས་ཡག་པོ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལ་རྒྱལ་ཁ་ལེན་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་སླར་ཡང་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

ཚོགས་འདུས་ནན་གྱིས་བསྟན་དོན། གོང་འོག་བར་གསུམ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ། ཀྲུང་དབྱང་གིས་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ད་སྔའི་རིམས་ནད་འགོག་སྡོམ་སྐབས་ཀྱི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན། རྒྱུན་མཐུད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ།  ནན་ནན་ཅག་ཅག་མཐའ་འཁྱོངས་བྱེད་པ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ལེགས་པོར་སྒྲུབ་པ་ལ་བརྟེན་ནས། ཕྱོགས་གཉིས་ཀ་དམ་འཛིན་དང་གཉིས་ཀ་འཐུས་ཤོར་མི་འགྲོ་བར་འགན་ལེན་བྱ་དགོས། དེ་ཡང་གཅིག་ནས་རིམས་ནད་འགོག་སྡོམ་ལ་ལྷོད་གཡེང་མི་གཏོང་བར་དམ་འཛིན་ནན་པོ་བྱ་དགོས།ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་བྱ་བའི་བྱ་ཐབས་ཞིབ་ཕྲ་བཟོ་བ། སྡེ་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་པ་བརྒྱུད་ཕྱི་ཡོང་མི་སྣའི་གནས་ཚུལ་དུས་ཐོག་ཏུ་རྒྱུས་ལོན་བྱེད་པ་དང་། མངའ་ཁོངས་ཕྱི་རོལ་ནས་ཡོང་བའི་མི་སྣ་དང་གཅིག་སྡུད་ཟུར་བཀར་མི་སྣའི་སྡེ་ཁུལ་གྱི་དོ་དམ་དང་ཞབས་ཞུ་ཡག་པོ་སྒྲུབ་པ། སྡེ་ཁུལ་གྱི་འགོག་སྡོམ་དྲ་རྒྱ་ཡག་པོ་བསྐྲུན་དགོས། སློབ་གྲྭའི་དོ་དམ་ལ་མུ་མཐུད་ཤུགས་སྣོན་པ་དང་བཀག་སྡོམ་རྣམ་པའི་དོ་དམ་བྱེད་པ། སློབ་གྲྭའི་རིམས་ནད་འགོག་སྡོམ་དང་བཟའ་བཅའི་བདེ་འཇགས། ཁོར་ཡུག་ལེགས་བཅོས་སོགས་ཀྱི་ལས་དོན་ལ་ཤུགས་བསྣན་ཏེ་སློབ་གྲྭའི་བདེ་འཇགས་གོ་རིམ་ལྡན་པ་དང་བདེ་བླག་ཡོང་བར་ཁག་ཐེག་བྱ་དགོས།གཉིས་ནས་ལས་མགོ་བསྐྱར་རྩོམ་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་དགོས།དཔལ་འབྱོར་བརྟན་འཇགས་ངང་འཕར་བའི་ལས་དོན་རྒྱུན་མཐུད་དང་དམ་འཛིན་བྱེད་པར་ཤུགས་སྣོན་པ་དང་། ལས་མགོ་བསྐྱར་རྩོམ་ལ་ཤུགས་བསྣན་ཏེ་ཐོན་སྐྱེད་དང་ཐོན་ཚད། ཐོན་འབབ་ལ་སྐུལ་འདེད་གཏོང་དགོས་ལ། ཕན་ལྡན་མ་འཇོག་རྒྱ་བསྐྱེད་དགོས། ཚོང་དོན་ཞབས་ཞུའི་ལས་རིགས་སླར་གསོ་དང་འཛད་སྤྱོད་དཔེ་གསར་སྐྱེད་སྲིང་དང་རྒྱ་སྐྱེད་པ་ཇེ་མགྱོགས་སུ་གཏོང་བ། དྲ་ཐོག་དང་དྲ་འོག་ཞབས་ཞུའི་ལས་རིགས་མཉམ་བསྲེས་འཕེལ་རྒྱས་ཡོང་བར་བྱེད་པ། འཛད་སྤྱོད་ཀྱི་དགོས་མཁོར་སྐུལ་སློང་བྱེད་པ་བརྒྱུད་ཞབས་ཞུའི་ལས་རིགས་སླར་གསོ་དང་སྤུས་ཚད་མཐོ་བོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་མཛེས་ལྗོངས་ཁུལ་གྱི་སྒོ་འབྱེད་པ་དང་དོ་དམ་ཡག་པོ་བྱས་ཏེ། ཡུལ་སྐོར་ལས་རིགས་སྔ་ཙམ་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས།གསུམ་ནས་འགན་འཁྲི་ཇེ་དམ་དུ་གཏོང་བར་ཤུགས་སྣོན་དགོས།《མཚོ་སྔོན་ཞིང་ཆེན་གྱི་ཁྱོན་ཡོངས་ནས་ནད་ཡམས་འགོག་སྡོམ་གྱི་འཐབ་ས་དང་པོའི་གྲོང་ཁྱེར་དང་གྲོང་གསེབ། སྡེ་ཁུལ་ལས་དོན་པའི་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཐབས་དོན་འཁྱོལ་བྱེད་པའི་བརྡ་ཐོའི》དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་ནན་མོ་བྱས་ཏེ་ལས་ཀའི་ཁ་གསབ་རོགས་དངུལ་དང་རེས་སྐོར་ངལ་གསོ། ངལ་གསོ་ཁ་གསབ་སོགས་ཀྱི་སྲིད་ཇུས་གང་མགྱོགས་ཀྱིས་དོན་འཁྱོལ་བྱས་ནས། མུ་མཐུད་དུ་དམངས་ཚིས་འགན་ལེན་ཁག་ལ་དོ་ཁུར་བྱེད་པ་དང་། ལས་ཞུགས་དང་མཐའ་སྐྱོང་འགན་ལེན་སོགས་ཀྱི་ལས་དོན་ཁག་ལག་བསྟར་བཟང་པོ་བྱས་ཏེ། དངོས་གནས་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པ་དང་མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པའི་ཁ་ཚ་དགོས་གཏུགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་འགལ་ཟླ་སྣ་ཚོགས་ཐག་གཅོད་ལེགས་པོ་བྱ་དགོས། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།