མཚོ་སྔོན་ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་རེས་སྐོར་བདུན་པའི་སྐོར་ཞིབ་ཚན་ཆུང་གི་བཅའ་སྡོད་ལས་དོན་ལེགས་གྲུབ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། ཟླ4བའི་ཚེས7ནས་ཚེས13ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་རེས་སྐོར་བདུན་པའི་སྐོར་ཞིབ་ས་ཁུལ་དང་ལས་ཁུངས15ཡིས་སྐོར་ཞིབ་ལས་དོན་གྱི་སྐུལ་སློང་ཚོགས་འདུ་སྔ་རྗེས་སུ་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་ཁག་གིས་བཅའ་སྡོད་ལས་དོན་ལེགས་གྲུབ་བྱུང་ཟིན་པ་རེད།

ཐེངས་འདིའི་རེས་སྐོར་གྱིས་ཟི་ལིང་གྲོང་ཁྱེར་དང་མཁར་ནུབ་ཁུལ། ཟི་ལིང(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་སོགས་ཞིང་ཆེན་གྱི་ཐད་གཏོགས་སྡེ་ཁག་དགུ་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱས་པ་དང་། ཞིང་ཆེན་མི་དམངས་མཁའ་ཟོན་གཞུང་དོན་ཁང་དང་ཞིང་ཆེན་སྡོམ་རྩིས་ཅུའུ་ལ་ཆེད་དོན་སྐོར་ཞིབ་བྱས་ཤིང་། མིན་ཡོན་རྫོང་ལ“ཕྱིར་མིག་ལྟ་བའི” སྐོར་ཞིབ་ལས་དོན་སྤེལ་བ་རེད། སྐོར་ཞིབ་ཀྱིས་སྐོར་ཞིབ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་བསྟར་ནན་ཏན་དང་། “སྲུང་སྐྱོང་གཉིས”ཀྱི་རྩ་བའི་ལས་འགན་འབུར་ཐོན། སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁྲིའི་འོས་འགན་དང་ལྟེ་བའི་འགན་ནུས་བཅས་ལ་དམིགས་པ། སྐོར་ཞིབ་བྱེད་ཡུལ་ས་ཁུལ་དང་ལས་ཁུངས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ། སྐོར་ཞིབ་བྱེད་ཡུལ་ཏང་ཨུས(ཏང་ཙུའུ)ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས། ཏང་ཀྲུང་དབྱང་དང་དེ་བཞིན་ཞིང་ཆེན་ཏང་ཨུའི་་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དང་སྐོར་ཞིབ། རྩིས་བཤེར། བརྗོད་བྱ་གཙོ་བོའི་སློབ་གསོ་སོགས་ཀྱི་དག་ཐེར་ལེགས་བཅོས་གནས་ཚུལ་ལ་དམ་པོར་དམིགས་ཏེ། ལས་སྒོའི་ཐོག་ནས་ཆབ་སྲིད་ལ་ལྟ་བ་དང་། གནད་དོན་སྟེང་ནས་འགན་འཁྲིར་ལྟ་བ། སྣང་ཚུལ་བརྒྱུད་ནས་ངོ་བོར་ལྟ་བ་བཅས་རྒྱུན་འཁྱོང་བྱས་ནས་སྐོར་ཞིབ་ཀྱི་ཆབ་སྲིད་ལྟ་སྐུལ་དང་ཆབ་སྲིད་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས། ཆེད་དོན་སྐོར་ཞིབ་ཀྱིས་མི་དམངས་མཁའ་ཟོན་དང་། སྡོམ་རྩིས་ཁོངས་གཏོགས་ཀྱི་ཁྱད་རྟགས་རང་བཞིན། མངོན་གསལ་དོད་པའི་རང་བཞིན་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། སྐོར་ཞིབ་སྐོར་བཤེར་གོང་འོག་མཉམ་འགུལ་བྱས་ནས་མི་དམངས་མཁའ་ཟོན་དང་སྡོམ་རྩིས་སྒྱུར་བཅོས་འཕེལ་རྒྱས་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་གཙོ་གནད་ཐོག་ཞིབ་བཤེར་བྱེད་པ་དང་། ལམ་ལུགས་དང་ལམ་སྲོལ་འཛུགས་པ་འཐུས་ཚང་དུ་གཏོང་བར་ལྟ་སྐུལ་བྱེད་པ། སྒྲིག་སྲོལ་དང་སྒྲིག་ཁྲིམས། བཅའ་ཁྲིམས་གཞིར་བཟུང་ནས་འགན་འཁྲི་བསྒྲུབ་རྒྱུ་ཡིན་པ་རེད། “ཕྱིར་མིག་ལྟ་བའི”སྐོར་ཞིབ་བྱེད་སྒོས་རེས་སྐོར་གོང་མའི་སྐོར་ཞིབ་དག་ཐེར་གྱི་གནས་ཚུལ་ལ་དམ་པོར་དམིགས་ཏེ། དག་ཐེར་བྱེད་རིང་མངོན་གསལ་དོད་པའི་གནད་དོན་ལྷག་ཡོད་པ་ཤེས་རྟོགས་དང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དུས་མཚུངས་སུ་སླར་ཡང་ཤེས་རྟོགས་དང་ལྟ་སྐུལ་བྱས་ནས་ཆབ་སྲིད་ཀྱི་སྣོད་བཅུད་རྒྱུན་མཐུད་ངང་དྭངས་གཙང་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་ཁག་གི་ཚན་གཙོས་བཅའ་སྡོད་སྐུལ་སློང་ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྐོར་ཞིབ་བྱེད་ཡུལ་ཏང་ཨུ(ཏང་ཙུའུ)དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དུས་རབས་གསར་པའི་སྐོར་ཞིབ་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་ཏན་ཏིག་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས། སྐོར་ཞིབ་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱ་རྒྱུ་དེ་ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་འཁུར་ཕོད་པའི་ཞིབ་ཕྲའི་བྱ་སྤྱོད་ལ་བརྩི་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གོ་སྐབས་བཟང་པོ་ཞིག་ཏུ་བརྩིས་ནས། སྐོར་ཞིབ་ཚན་ཆུང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་ཁག་གིས་སྐོར་ཞིབ་བྱེད་ཡུལ་ས་ཁུལ་གྱི་ལས་ཁུངས་སུ་ཟླ་བ་གསུམ་ཙམ་ལ་ལས་ཀ་བྱ་རྒྱུ་ཡིན་པ་རེད། སྐོར་ཞིབ་བྱེད་རིང་ལ། ཆེད་དོན་ལས་རེས་ཁ་པར་དང་འབྲེལ་གཏུག་ཡིག་སྒམ་བཙུགས་ནས་སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་གི་འགན་འཁུར་བ་གཙོ་བོ། ལས་གནས་གལ་ཆེན་གྱི་ལས་བྱེད་པའི་གནད་དོན་གོང་ཞུ་བྱས་པའི་ཡིག་བསྐུར་དང་ཁ་པར། ངོ་བཅར་བཅས་བདག་སྤྲོད་བྱ་རྒྱུ་ནི་ལས་ཀ་གཙོ་བོ་ཡིན་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་དང་འགལ་བའི་སྐོར་གྱི་ཐེར་འདོན་དང་གོང་ཞུ་ནི་གཙོ་གནད་དུ་འཛིན་རྒྱུ་ཡིན་ལ། སྐོར་ཞིབ་བདག་སྤྲོད་བྱེད་ཁོངས་སུ་མི་གཏོགས་པའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་གཞན་དག་ནི། གཏན་འབེབས་ལྟར་སྐོར་ཞིབ་བྱ་ཡུལ་ས་ཁུལ་གྱི་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གིས་ཞིང་ཆེན་ཏང་ཨུས་སྤྲད་པའི་སྐོར་ཞིབ་ལས་འགན་ནན་ཏན་གྱིས་ཐག་གཅོད་ལེགས་པོར་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།