མཚོ་སྔོན་ཞིང་ཆེན་སྒྲིག་ཨུ་དང་ལྟ་ཨུས་དབུལ་ཐར་འགག་སྒྲོལ་གྱི་ཀྲུང་དབྱང་གི་ཆེད་དོན་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བའི”ཕྱིར་སློག་གནད་དོན་དག་ཐེར་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཨུ་དང་ལྟ་ཨུས་དབུལ་ཐར་འགག་སྒྲོལ་གྱི་ཀྲུང་དབྱང་གི་ཆེད་དོན་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བའི”ཕྱིར་སློག་གནད་དོན་དག་ཐེར་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཐེང་ཅཱ་ཚའེ་ཡིས་ཚོགས་འདུར་འགོ་འཛིན་བྱས་ཤིང་གསུང་བཤད་གནང་སྟེ། ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱི་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བ”དང་ཕན་འབྲས་དཔྱད་ཞིབ་ཀྱི་གནད་དོན་ལེགས་བཅོས་བྱ་བའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རང་ངོས་ཀྱི་གནད་དོན་དག་ཐེར་དམ་འཛིན་ཡག་པོ་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ཏང་ཨུས་སྐོར་ཞིབ་དག་ཐེར་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་གཞོགས་འདེགས་དང་ལྟ་སྐུལ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་ལྟ་སྐུལ་སྒྲིག་འཛིན་འགན་འཁྲི་མུ་མཐུད་ཇེ་དྲག་ཏུ་གཏོང་བ། ལས་དོན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཕམ་ལ་རྒྱལ་ཁ་ལེན་ཐུབ་པར་སྒྲིག་ཁྲིམས་ཞིབ་བཤེར་གྱི་འགན་ལེན་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།

ཐིན་ཅཱ་ཚའེ་ཡིས་ནན་གྱིས་བསྟན་དོན། སྐོར་ཞིབ་ནི“ཆབ་སྲིད་ཀྱི་ལུས་པོར་བརྟག་དཔྱད་བྱེད་པ”ཞིག་ཡིན་པ་དང་། དག་ཐེར་ལས་དོན་ནི“ཞིབ་དཔྱད་བྱེད་པ”དང“བརྡར་གཅོད་བྱེད་པ”ཞིག་ཡིན་པས། ཞིབ་བཤེར་ཐེག་ཐུབ་པ་དང་བློ་ཡིད་ཚིམ་པའི་ལན་ཞིག་སྤྲོད་དགོས། གོ་སྐབས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཚུར་ལན་གནད་དོན་བཅོས་སྒྲིག་ལ་བརྟེན་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ལྟ་སྐུལ་ཐོན་ཁུངས་དང་སྟོབས་ཤུགས་བསྡུ་འགུགས་བྱེད་པ། ལྟ་སྐུལ་མཉམ་ཤུགས་དང་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རང་ངོས་དག་ཐེར་ཡོ་བསྲང་དམ་འཛིན་ཏན་ཏིག་བྱས་ཏེ། གོང་གིས་འོག་ལ་སྣེ་ཁྲིད་དང་འགན་འཁྲི་ཇེ་དམ། གཅིག་ཤེས་ཀུན་གྲོལ། རྒྱུད་རིམ་ལྡན་པའི་མཉམ་འགུལ་བཅས་བྱས་ཏེ། སྔོན་ལ་ལེགས་བཅོས་དང་མདུན་དུ་སྐྱོད་པ་དང་མིག་དཔེ་བཟང་པོ་སྟོན་དགོས། བབ་བསྟུན་གཞོགས་འདེགས་དང་ལྟ་སྐུལ་བྱས་ཏེ་དོན་དག་གལ་ཆེན་སྙན་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བསམ་འཆར་དང་གྲོས་འགོ་འདོན་པ། ཏང་ཨུ(ཏང་ཙུའུ)ཡི་ཐབས་ཇུས་དོན་འཁྱོལ་ལས་དོན་ལ་ལྟ་སྐུལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དབུལ་ཐར་མཁྲེགས་གཏོར་འཕེལ་རིམ་གྱི་རྗེས་སུ་དམ་པོར་འབྲངས་ནས་རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། ངར་ཤུགས་ལྷོད་པ་སྔོན་འགོག་བྱེད་པ་དང་། སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བ”དང་ཕན་འབྲས་དཔྱད་ཞིབ་ཚུར་ལན་གྱི་གནད་དོན་ལ་དམིགས་ཏེ་དག་ཐེར་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནན་འགོག་བྱེད་པ། ངར་ཤུགས་གཅིག་སྒྲིམ་དང་དམག་འཐབ་ནང་ཞུགས་པ། སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་ནུས་ལྡན་བྱེད་པ། ཐག་གཅོད་དམག་འཐབ་ལོའི་བྱ་སྤྱོད་ཀྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་མཐར། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྤུས་ཚད་ལེགས་པ་དང་ཕན་འབྲས་ལེགས་པ་བཅས་ཡོང་བར་འགན་ལེན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།