བྱ་ཐབས24སྤྱད་དེ་སྒེར་གཉེར་བཟོ་ཚོང་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་དང་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་།  ནོར་སྲིད་ཐིན།  མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན།  ཚོང་དོན་ཐིན་བཅས་སྡེ་ཁག་བདུན་གྱིས་མཉམ་སྦྲེལ་སྒོས《རིམས་ནད་ཀྱི་ཤུགས་རྐྱེན་ལ་གཞིགས་ནས་སྒེར་གཉེར་བཟོ་ཚོང་དུད་ཁྱིམ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》གཏན་འབེབས་བྱས་ཤིང་།  སྲིད་ཇུས་དང་བྱ་ཐབས24བཟོས་པ་དང་།  སྒེར་གཉེར་བཟོ་ཚོང་ལ་རོགས་སྐྱོར་ཞབས་འདེགས་ཞུ་ཤུགས་སྔར་བས་ཆེ་རུ་བཏང་ནས།  གོ་རིམ་ལྡན་པའི་ངང་བསྐྱར་དུ་ལས་འགོ་ཚུགས་པས་ཕན་འབྲས་ཆེན་པོ་ཐོན་ཡོད།

 ལས་བཟོ་བ་དག་བསྐྱར་དུ་ལས་གནས་སུ་ལོག་ནས་ལས་ཀ་སླར་གསོ་བྱེད་པའི་ཞབས་ཞུའི་འགན་ལེན་ལམ་སྲོལ་བཙུགས་ཏེ།  ངལ་རྩོལ་པ་ལས་ཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་།  ལས་བཟོ་བ་དག་ཕྱི་ཕྱོགས་སུ་བསྐྱོད་རྒྱུར་ཕྱོགས་ཡོངས་ནས་ཧུར་ཐག་གིས་ཞབས་འདེགས་ཞུས་ཡོད།  བདེ་ཐང་དཔང་ཡིག་དང་དམིགས་བསལ་སྒྲིག་ཆས་ཀྱི་ལས་མིའི་ལག་ཁྱེར་གོ་ཆོད་དུས་ཡུན་ལོངས་ཚེ་དེའི་གོ་ཆོད་དུས་ཡུན་རང་འགུལ་ངང་རིམས་ནད་མེད་པར་བཟོས་རྗེས་ཀྱི་ཟླ་གཅིག་གི་རིང་དུ་དུས་འགྱངས་བྱས་ཆོག  དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལག་རྩལ་གྱི་འགན་སྲུང་རང་བཞིན་གྱི་ཞིབ་བཤེར་བྱེད་སྐབས་དུས་ཐོག་ཏུ་ཞིབ་བཤེར་བྱེད་དགོས་པ་དང་། ཞིབ་བཤེར་གྲོན་དངུལ་བསྡུ་རྒྱུ་མ་རེད།

སྒེར་གཉེར་བཟོ་ཚོང་དུད་ཚང་གི་གཉེར་སྐྱོང་མ་རྩ་དམའ་རུ་བཏང་ནས།  ཟླ3པའི་ཚེས1ཉིན་ནས་ཟླ5བའི་ཟླ་མཇུག་བར་སྒེར་གཉེར་བཟོ་ཚོང་དུད་ཚང་དང་ཁེ་ལས་ཆུང་གྲས་སོགས་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་གནས་ཐང་འཕར་བའི་དཔྱ་ཁྲལ་བསྡུ་ཚད3%ནས1%བར་མར་ཆག་ཡོད་པ་རེད།  ཟླ1པོ་ནས་ཟླ6པའི་བར།  རྒྱལ་དབང་ཁང་བ་དང་། ལས་ཡུལ་གླ་དངུལ་མེད་པར་བཟོས་པ་རེད།  ཟླ2པ་ནས་ཟླ6པའི་བར་ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་བཟོ་ཚོང་དུད་ཚང་གི་རྒན་གསོ་དང་།  ལས་ཤོར།  ལས་རྨས་འགན་བཅོལ་བཅས་ཀྱི་གྲོན་དངུལ་མེད་པར་བཏང་བ་དང་།  ཟླ6གི་རིང་རྒན་གསོ་དང་།  ལས་ཤོར།  ལས་རྨས་འགན་བཅོལ་བཅས་ཀྱི་གྲོན་དངུལ་འཇལ་རྒྱུར་ཕྱིར་འགྱངས་བྱས་ཆོག   སྒེར་གཉེར་བཟོ་ཚོང་མ་དངུལ་བསྡུ་སྒྲིལ་གྱི་ཐོགས་མེད་བགྲོད་ལམ་བཙུགས་ནས།  ཆ་རྐྱེན་འཛོམས་པའི་སྒེར་གཉེར་བཟོ་ཚོང་ལ་དངུལ་བུན་མཁོ་བར་དངུལ་བུན་གཏོང་བ་དང་།  དངུལ་བུན་གཏོང་ཚད་ལོ་སྔོན་མ་ལས་མི་དམའ་བ་དང་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་རྩ་བརྒྱ་ཆའི0.5མར་ཆག་དགོས་ལ།  བཟའ་བཏུང་ལས་རིགས་གཉེར་བའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས།  སྒེར་གཉེར་བཟོ་ཚོང་དུད་ཚང་གི་ལས་ཀ་སླར་གསོ་དང་ཐོན་སྐྱེད་བསྐྱར་ཚུགས་བྱ་རྒྱུར་ཆེད་དམིགས་དངུལ་བུན་མ་དངུལ་གྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།

སྒེར་གཉེར་བཟོ་ཚོང་དུད་ཚང་ཁྲོམ་རར་ཞུགས་ནས་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཀྱི་གཙོ་ཆེའི་དྲ་ཚིགས“དྲ་གཅིག་ཀུན་ཁྱབ”ཀྱི་ལས་སྟེགས་སུ་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཐོ་འགོད་ལས་ཁུངས་དང་། ཁྲལ་དོན་གཙོ་གཉེར་ལས་ཁུངས། ཐམ་ག་བཟོ་བའི་ལས་ཁུངས་ཀྱི་འབྲེལ་གཏུག་ཁ་པར་དང་འབྲེལ་གཏུག་ས་གནས་བཅས་གཅིག་གྱུར་ཐོག་ཡོངས་བསྒྲགས་བྱས་ཏེ།  རེ་ཞུ་བྱེད་མཁན་ལ“དྲ་ཐོག་ནས་གཉེར་བ་དང་། སྔོན་མངགས་ཀྱིས་སྒྲུབ་པ། སྦྲག་ཐོག་ནས་གཉེར་བ། བློ་འདྲིའི་གཞུང་སྒྲུབ”བཅས་ཀྱི་རྨང་གཞིའི་ཆ་འཕྲིན་མཁོ་འདོན་བྱས་པ་རེད། 2019ལོའི་ཟླ12པའི་ཚེས31ཉིན་གྱི་གོང་དུ་ལས་གཉེར་ལག་ཁྱེར་ལེན་པའི་སྒེར་གཉེར་བཟོ་ཚོང་དུད་ཚང་ལ2019ལོའི་ལོ་འཁོར་གྱི་ལོ་འཁོར་སྙན་ཞུའི་དུས་བཀག་དུས་ཚོད2020ལོའི་ཟླ12པའི་ཚེས31ཉིན་བར་རིང་དུ་གཏོང་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།