མཚོ་ནུབ་ཁུལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱུན་མཐུད་ངང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ནན་མོ་བྱས་ཏེ་ལས་ཐོན་བསྐྱར་འཛུགས་ལ་སྐུལ་འདེད་བཏང་། ཉེ་སྔོན་ནས་བཟུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་གནོན་ཤུགས་ཐེག་ཐུབ་པ་དང་། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་གསར་པ་གཏན་འཁེལ་བྱེད་པ། “བརྟན་འཇགས་དྲུག”གི་བྱེད་ཐབས་ཞིབ་ཚགས་སུ་གཏོང་རྒྱུ་དམ་འཛིན་བྱེད་པ། ནུས་ཤུགས་ཡོད་རྒུས་དབུལ་ཐར་གྱི་ཕན་འབྲས་སྔོན་ལ་སྲ་བརྟན་དང་མཐོ་རུ་གཏོང་བ་བཅས་བྱས་ནས། མཚོ་ནུབ་ཁུལ“སྔོན་ལ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར”ལམ་བུ་བཏོད་ཡོད།

“དབུལ་ཐར་ཆེན་པོ་དགུའི་རྗེས་མཐུད་སྲ་བརྟན་འགུལ་སྤྱོད”ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་འགོ་རྩོམ་སར་བཞག་ནས་གཙོ་བོ་ཁྱད་ལྡན་སྐྱེ་དངོས་འདེབས་འཛུགས་གསོ་ཚགས་དང་། ལས་སྣོན་ཞིབ་ཚགས། འོད་ཤུགས་དབུལ་སྐྱོར། འཛད་སྤྱོད་དབུལ་སྐྱོར་སོགས་ཐད་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་མཚོ་ནུབ་ཀྱི་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་ཐོན་ལས་ཁག་གཅིག་ཧུར་ཐག་གིས་གཏོད་པ་རེད། དབུལ་ཐར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས། དབུལ་ཕོངས་བསྐྱར་ལོག་མི་འབོར་དང་དབུལ་ཕོངས་མི་འབོར་གསར་པ་དུས་ཐོག་ཏུ་རོགས་སྐྱོར་ཁྱབ་ཁོངས་སུ་བཞག འཚོལ་ཞིབ་ཁྲོད་བལྟོས་བཅས་ཀྱི་དབུལ་པོ་དབུལ་སེལ་བྱེད་པའི་ཕུགས་ཕན་ལམ་སྲོལ་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི“གསོ་སྦྱོང་ཆེན་མོ”རྒྱ་ཁྱབ་ངང་གཏིང་ཟབ་ཀྱིས་སྤེལ་ཏེ་མི་རིགས་ཁག་གི་མང་ཚོགས་“གསོ་སྦྱོང་ཆེན་མོའི”ཁྲོད་དུ་འཇོན་ཐང་ཆེ་རུ་གཏོང་བ་དང་། ནུས་པ་ཆེ་རུ་གཏོང་བ། ཕྱུག་འགྱུར་ཐུབ་པ་བཅས་བྱེད་དགོས།

སྔར་བས་དགེ་མཚན་ལྡན་པའི་“ལས་ཞུགས་བརྟན་འཇགས”སྲིད་ཇུས་ལག་བསྟར་བྱས་ནས“སྲིད་ཇུས་དང་། མ་དངུལ། བྱ་སྤྱོད”བཅས་ཕྱོགས་གསུམ་གཞི་གཅིག་གི་འགན་ལེན་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལས་ཞུགས་དང་། ཐོན་ནུས་ལྷག་མ་སེལ་བའི་ལས་བཟོ་བཀོད་སྒྲིག རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས། དེ་བཞིན་ལས་ཤོར་མི་སྣ་དང་ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་བཅས་ཀྱི་མཐའ་སྐྱོང་རོགས་སྐྱོར་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དགོས།  སྤྱི་ཚོགས་འགན་བཅོལ་ཁྱབ་རྒྱ་ཆེ་རུ་གཏོང་བའི་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་འགན་ལེན་བྱེད་དགོས་པའི་རིགས་འགན་ལེན་གྱི་བླང་བྱ་གཞིར་བཟུང་ཁེ་ལས་ཆུང་འབྲིང་དང་། སྒེར་གཉེར་བཟོ་ཚོང་དུད་ཚང་། ལས་གཏོད་ཚོགས་སྤྱི་གསར་པ་བཅས་གཙོ་གནད་དུ་བྱས་ཏེ། ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་རེད། དབུལ་ཐར་འགག་སྒྲོལ་ཁྲོད་ཀྱི་མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་ཀྱི་འགན་ལེན་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ་དང་། མ་མཐའི་འཚོ་བའི་འགན་ལེན་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཆ་རྐྱེན་དང་མཐུན་པའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་པོ་ཚང་མ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཁྱབ་ཁོངས་ནང་བཅུག་ནས“འགན་ལེན་བྱེད་དགོས་པའི་རིགས་འགན་ལེན་དང་། ཕྱིར་འཐེན་བྱེད་དགོས་པའི་རིགས་ཕྱིར་འཐེན་བྱེད་དགོས”པ་བཅས་བྱས་ཏེ་དབུལ་ཐར་གྱི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་ཆེད་མཚོ་ནུབ་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་སྔ་མོ་ནས་བགྲོད་ལམ་གཏོད་རྒྱུ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།