ཟི་ལིང་གིས་གནད་སྨིན་ཞབས་ཞུ་ཁག་གསུམ་ལ་བརྟེན་ནས་དབུལ་ཕོངས་ངལ་རྩོལ་པ་ནན་ཅིང་དུ་ལས་ཞུགས་ཐུབ་པར་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གོམ་གང་མདུན་སྤོས་སྒོས་ནན་ཅིང་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་གྱི་དབུལ་སྐྱོར་ངལ་ལས་མཉམ་ལས་ལས་དོན་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་ཆར་ཟི་ལིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་རིམས་ནད་ཚན་རིག་དང་མཐུན་པའི་ངང་གནད་སྨིན་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གནད་སྨིན་ཞབས་ཞུ་ཁག་གསུམ་བརྒྱུད་དབུལ་ཕོངས་ངལ་རྩོལ་པ36ནན་ཅིང་དུ་ལས་ཞུགས་ཐུབ་རྒྱུར་རམ་འདེགས་བྱས། 

གནད་སྨིན་བརྟག་དཔྱད་བྱས་ཏེ་དགོས་མཁོ་ཁ་གསལ་བྱས། ལས་ཀའི་གོ་རིམ་ཁྲོད། ཟི་ལིང་གྲོང་ཁྱེར་གྱིས་དབུལ་ཕོངས་ངལ་རྩོལ་པ་དག་ནན་ཅིང་དུ་ལས་ཞུགས་བྱེད་འདོད་ཡོད་མེད་ལ་མཐིལ་རྟོགས་བརྟག་དཔྱད་བྱས་ནས། ངལ་རྩོལ་པ་དབུལ་པོའི་གཞི་རྩའི་གནས་ཚུལ་གནད་ལ་འཁེལ་བ་ཁོང་དུ་ཆུད་པ་བྱས་ཏེ་གཞི་གྲངས་གསལ་པོ་དང་གནས་ཚུལ་གསལ་པོས་དབུལ་ཕོངས་ངལ་རྩོལ་པ་ནན་ཅིང་དུ་ལས་ཞུགས་བྱེད་པར་གནད་སྨིན་ཞབས་ཞུའི་གཞི་འཛིན་ས་མཁོ་འདོན་བྱས། གནད་སྨིན་འབྲེལ་མཐུད་བྱས་ཏེ་འགྲོ་སྐྱོད་ལ་འགན་ལེན་བྱས། བརྟག་དཔྱད་མཐིལ་རྟོགས་བྱས་པའི་ཆ་འཕྲིན་གཞིར་བཟུང་། དབུལ་ཕོངས་ངལ་རྩོལ་པའི་ལས་ཞུགས་བསམ་བློར་དབྱེ་ཞིབ་བྱས་ཏེ་གླ་ཕོགས་ཀྱི་རེ་བ་དང་། བཟའ་སྡོད་ཀྱི་དགོས་མཁོ། ལས་གནས་ཀྱི་དགོས་མཁོ་སོགས་ལ་གཞིགས་ནས་རིགས་དབྱེ་སྟེ་དབུལ་ཕོངས་ངལ་རྩོལ་པའི་ལས་ཀའི་དགོས་མཁོ་དང་བསམ་པའི་དགོས་མཁོ་སྐོང་གང་ཐུབ་བྱས། དེ་དང་ཆབས་ཅིག་དབུལ་ཕོངས་ངལ་རྩོལ་པ་ཚང་མར་བདེ་ཐང་བྱང་བུ་བཟོས་ཤིང་། གནམ་གྲུའི་སྤ་སེ་དང་མེ་འཁོར་སྤ་སེའི་གླ་ཆ་འགན་ལེན་བྱས་ཏེ་ས་ཚུགས་དང་ས་ཚུགས་བར་ཐད་གཏོང་གིས་གཅིག་གྱུར་ཐོག་སྐྱེལ་འདྲེན་བྱས་ནས་དབུལ་ཕོངས་ངལ་རྩོལ་པ་དག་བློ་བདེའི་ངང་ཕྱིར་ལས་ཞུགས་ཏུ་བསྐྱོད་པར་འགན་ལེན་བྱས། གནད་སྨིན་ཞབས་ཕྱི་སྒྲུབ་ནས་ལས་ཞུགས་བརྟན་པོ་ཡོང་བར་བྱས།  ནན་ཅིན་དུ་ལས་ཀ་ཞུགས་མཁན་རྣམས་ལ་ཡིག་ཚགས་བཟོས་ཏེ། ཧུར་ཐག་སྒོས་ངལ་ལས་མཉམ་སྒྲུབ་ཞབས་ཞུའི་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དབུལ་ཕོངས་ངལ་རྩོལ་པར་དུས་བཀག་ལྟར་རྗེས་སྙེག་འཚམས་འདྲི་བྱས་ཤིང་། ཅང་སུའུ་རུ་ལས་ཞུགས་ཐུབ་པའི་དབུལ་ཕོངས་ངལ་རྩོལ་པའི་དངོས་ཡོད་དཀའ་ངལ་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱས་ཏེ་དབུལ་ཕོངས་ངལ་རྩོལ་པ་ཅང་སུའུ་རུ་ལས་ཞུགས་བརྟན་པོ་ཡོང་བར་རོགས་རམ་དང་། ལས་གནས་དང་མི་འཚམ་པའི་མི་སྣའི་ལས་གནས་བརྗེ་བ་བཅས་བྱས་ནས་ཞབས་ཞུས་མི་འགུག་པ་དང་བརྩེ་སེམས་ཀྱིས་མི་འགུག་པའི“ཤོག་བྱང་གཉིས”ཀྱིས་དབུལ་ཕོངས་ངལ་རྩོལ་པ་ནན་ཅིང་དུ་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།