མཱ་ཅི་ཞའོ་ཡིས་དཔའ་ལུང་རྫོང་དང་ཞོན་ཧྭ་རྫོང་གི་བྱ་བར་རྟོག་ཞིབ་བྱས།

ཟླ4བའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དང་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གཉིས་ལ་སོང་ནས་དམངས་ཡོངས་ཚན་རིག་བྱང་ཚད་འགུལ་སྐྱོད་རྩ་གནད་ལག་བསྟར་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཞིང་ཆེན་ཚན་རིག་མཐུན་ཚོགས་དང་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བར་རྒྱུས་ལོན་གསལ་བོ་བྱས།

མཱ་ཅི་ཞའོ་སོགས་སྔ་གཞུག་ཏུ་དཔའ་ལུང་རྫོང་ཚིས་མགུར་གྲོང་རྡལ་ཁུག་མོ་ཆེ་སྡེ་བ་དང་ཞོན་ཧྭ་རྫོང་ཁྲ་ཧྭན་ཏུའུ་སི་ཞང་གསར་བཙུགས་སྡེ་བ་དང་ཙན་པོ་ཧུའུ་སྡེ་བ་བཅས་ལ་སོང་ནས། ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། དབུལ་ཕོངས་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་འཚམས་འདྲི་བྱས། གཙོ་བོར་རྫོང་གཉིས་ཀྱིས་དམངས་ཡོངས་ཚན་རིག་བྱང་ཚད་འགུལ་སྐྱོད་རྩ་གནད་ལག་བསྟར་བྱ་བའི་གནས་ཚུལ་ཐད་ནས་རྟོག་ཞིབ་བྱས།

མཱ་ཅི་ཞའོ་ཡིས་རྫོང་གཉིས་ཀྱི་ཏང་སྲིད་ལས་བྱེད་པ་དང་བཞུགས་མོལ་བརྗེ་རེས་བྱས་ནས་ནན་གྱིས་བསྟན་དོན། འགོ་ཁྲིད་ལས་བྱེད་པས་དམངས་ཡོངས་ཚན་རིག་བྱང་ཚད་འགུལ་སྐྱོད་འཆར་གཞི་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། སྣེ་ཁྲིད་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྩ་འཛུགས་འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ། དབུལ་ཐར་མཁྲེགས་གཏོར་ལ་མཐོང་ཆེན་བྱེད་པ་བཞིན་རྩ་གནད་ལག་བསྟར་བྱེད་པར་མཐོང་ཆེན་བྱས་ཏེ། དམིགས་འབེན་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། བྱ་བའི་འགན་འཁྲི་གཏན་ཁེལ་ནན་མོ་བྱེད་པ་དང་། རྩ་གནད་ཀྱི་རེ་བ་ལྟར། རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་གི་བྱ་བའི་ལས་འགན་སྔར་ལས་གཏན་ཁེལ་གསལ་བོ་བྱེད་པ། རིམ་པ་བཞིན་དམ་འཛིན་དང་ལག་བསྟར་བྱས་ཏེ། ཤུགས་ཡོད་ཀྱི་ལམ་ལུགས་ལ་བརྟེན་ནས་རྩ་འཛུགས་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་མཐུན་སྒྲིལ་གཅིག་མཐུན་བྱེད་པ་དང་། རྩ་གནད་ཀྱི་དམིགས་འབེན་རེ་བར་དམ་དུ་དམིགས་ནས། གནད་དོན་འཚོལ་བཤེར་བྱེད་པ་དང་ཁ་གསབ་གཞོགས་འདེགས་བྱེད་པ། བྱ་བའ་ཞན་ཆ་ཁ་གསབ་བྱས་ནས། བྱ་བ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་བྱ་བའི་ཁྲོད་ཞུགས་པ་དང་། མི་ཤུགས་དང་དངོས་ཤུགས། གཡུལ་ས་སོགས་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་འདེགས་ཞུ་བ། ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་ཤུགས་ཆེར་སྤེལ་ནས། བྱ་བའི་ཁེབས་ཚད་དང་ཤན་ཤུགས་རྒྱུན་མ་ཆད་པར་རྒྱ་སྐྱེད་དགོས་ཟེར།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།