ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་ཏུ་བསྟར་ནས་ཁྲིམས་ལྟར་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3ཚེས30ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏེ་ཡིས་རུ་སྣེ་ཁྲིད་ནས་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་དུ2019ལོའི་ལོ་འཁོར་གྱི་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད། བརྟག་ཞིབ་ཚོགས་ཆུང་གིས་ཆེད་དོན་སྙན་ཞུ་ལ་ཉན་པ་དང་། བཞུགས་མོལ་སྤེལ་རེས། “སྣོད་བཅུད་སྐར་ཁུང”གི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས།

ལིའུ་ཐུང་ཏེ་ཡིས་གསུང་བཤད་གནང་སྐབས། ན་ནིང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་འགྲུབ་བྱུང་ཚུལ་ལ་གདེངས་འཇོག་གང་ལེགས་གནང་ཞིང་། ཁོང་གིས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་ཏུ་བསྟར་དགོས། དུས་རབས་གསར་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི“རྩ་དོན་ཆེན་པོ་དྲུག”ཕྱོགས་ཡོངས་ནས་སྟངས་འཛིན་བྱས་ཏེ། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ལས་དོན་མཉམ་སྒྲུབ་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཤད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།