མཚོ་སྔོན་ཞིང་ཆེན་གྱིས་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་བྱས་རྗེས་འབུར་ཏུ་ཐོན་པའི་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ལ་བསྟོད་བསྔགས་བྱེད་པའི་བརྡ་ཁྱབ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་དང་།  ཞིང་ཆེན་ཏང་ཨུའི“གསར་བ་གཉིས”བཟོ་ཚོགས་ཨུ་ཡོན་ལྷན་ཁང་།  ཞིང་ཆེན་དམངས་སྲིད་ཐིན།  ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་བྱས་རྗེས་འབུར་ཏུ་ཐོན་པའི་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས297དང་སྤྱི་ཚོགས་རྩ་འཛུགས108ལ་བརྡ་ཁྱབ་བཏང་སྟེ།  ཁོང་ཚོས་སྤྱི་ཚོགས་ཀྱི་འོས་འགན་དང་དུ་བླངས་པའི་སྙིང་སྟོབས་དང་ཕྱོགས་གཅིག་དཀའ་ཁག་ལ་ཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་བྱེད་པའི་བརྩེ་སེམས་ལ་བསྟོད་བསྔགས་བྱས་ཤིང་།  ཞིང་ཆེན་ཡོངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས“གསར་བ་གཉིས”རྩ་འཛུགས་བྱས་ཏེ།  རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི“ཕྱོགས་གཉིས་རྒྱལ་བར”བརྩོན་ལེན་བྱེད་པའི་སྟོབས་ཤུགས་དང་བརྩེ་སེམས་ལ་སྐུལ་སྤེལ་བཏང་བ་རེད།

ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་འོས་སྦྱོར་བྱས་པའི་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས།  འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་སྤྱི་ཚོགས་ཀྱི་འོས་འགན་ཕྲག་ཏུ་འཁུར་བ་དང་།   ལས་ཐོན་བསྐྱར་ཚུགས་ཁྲོད་འགག་སྒོ་ནན་མོ་སྲུང་བ་རེད།   བརྡ་ཁྱབ་ནང་བསྟོད་བསྔགས་བྱས་པའི“གསར་བ་གཉིས”ཀྱི་རྩ་འཛུགས་ཁྲོད་དུ་དམངས་གཉེར་སྨན་ཁང16གིས་ཧུའུ་པེའི་རིམས་ཁུལ་དུ་རོགས་སྐྱོར་བྱས་པ་དང་ཡང་ན་ནུས་ཤུགས་ཡོད་རྒུའི་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱས།  དམངས་གཉེར་ཚོང་ཁང18ཀྱིས་ཚོང་ཟོག་བརྟན་འཇགས་དང་རིན་གོང་བདེ་བའི་ངང་ནས་ཚོང་ཟོག་མཁོ་སྤྲོད་བྱས་ལ།  “དམར་པོའི་གཞིས་ལས”ཀུང་སི34ཡི་སྡོད་ཁུལ་འཛུགས་བསྐྲུན་དང་ར་སྐོར་རྙིང་བའི་བདེ་འཇགས་ལ་འགན་སྲུང་བྱས།  ཟོག་འདྲེན་མྱུར་སྐྱེལ་ཁེ་ལས6གིས་སྔོན་དུ་ལས་འགོ་བརྩམས་ཏེ་དངོས་ཟོག་སྐྱེལ་འདྲེན་ཕྱོགས་ལ་འགན་སྲུང་བྱས།   ཁྲིམས་རྩོད་ལས་རིགས་མཐུན་ཚོགས7གྱིས་རིན་མེད་ངང་བཅའ་ཁྲིམས་བློ་འདྲི་ཐེངས324དང་ལེན་བྱས།  སེམས་ཁམས་ཞབས་ཞུའི་རིགས་ཀྱིས་སྤྱི་ཚོགས་རྩ་འཛུགས11གིས་དྲ་ཐོག་ནས་མི་ཐེངས850ཡི་སེམས་ཁམས་རོགས་སྐྱོར་གྱི་ཞབས་ཞུ་མཁོ་སྤྲོད་བྱས།  རྒྱ་ཆེའི་ཚོང(མཐུན)ཚོགས་དང་དམངས་གཉེར་ཁེ་ལས་ཀྱིས་བརྩེ་སེམས་ཀྱི་ཞལ་འདེབས་ཕུལ་ཏེ།  རིམ་རྩིས་བྱས་ན་ཞལ་འདེབས་དངོས་རྫས་སྒོར་དུང་ཕྱུར1ལྷག་ཙམ་ཞལ་འདེབས་སུ་ཕུལ་བ་དང་།  ཞིང་ཆེན་ཡོངས་ཀྱི“གསར་བ་གཉིས”རྩ་འཛུགས་ཀྱིས་དམིགས་བསལ་དུས་སྐབས་སུ་དམངས་སེམས་གཅིག་མཐུན་དང་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྤྱི་ཚོགས་ཀྱི་སྣང་བརྙན་བཟང་བོ་འགྲེམ་སྟོན་བྱས་པ་རེད།  །

  

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།