ཡུལ་ཤུལ་ཁུལ་གྱི་ཡུལ་གཞན་དུ་སློབ་གྲྭ་འགྲིམས་པའི་སློབ་མ2304སློབ་གྲྭ་ལོག་ནས་སློབ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུལ་གཞན་དུ་འཛིན་གྲྭ་སྒྲུབ་པ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་རིམ་སློབ་འབྲིང་གི་སློབ་གསོ་ཁྱབ་གདལ་གཏོང་བའི་སྤུས་ལེགས་བཟོ་འགོད་ཞིག་ཡིན་པ་དང་། ཡུལ་གཞན་དུ་སློབ་གྲྭ་འགྲིམས་པའི་མཐོ་རིམ་སློབ་འབྲིང་གི་སློབ་མའི་གྲངས་ཀས་མཐོ་རིམ་དཀྱིས་མའི་སློབ་འབྲིང་གི་སློབ་མའི་བསྡོམས་འབོར་གྱི30%ཙམ་བཟུང་ཡོད། ཟླ3ཚེས29ཉིན་གསར་འགོད་པས་ཡུལ་ཤུལ་ཁུལ་སློབ་གསོ་ཅུས་ནས་ཤེས་གསལ་ལྟར་ན། མིག་སྔའི་བར་ཡུལ་ཤུལ་ཁུལ་གྱིས་སྔ་གཞུག་ཏུ་སྐོར་ཐེངས་18བརྒྱུད་ནས་ས་གནས་གཞན་ཏུ་སློབ་གྲྭ་འགྲིམས་པའི་སློབ་མ2304རྩ་འཛུགས་བྱས་ཏེ་སློབ་གྲྭ་ལོག་ནས་སློབ་ཁྲིད་བྱེད་འགོ་བརྩམས་པ་རེད། 

 ཤེས་གསལ་ལྟར་ན།  ཟླ3པའི་ཚེས10ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་སྔོན་ལ་སློབ་འགོ་ཚུགས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་དང་། མཚོ་སྔོན་མི་རིགས་མཐོ་རིམ་སློབ་འབྲིང་། ཀྲུང་དབྱང་མི་རིགས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་བཅས་ཀྱི་ཡུལ་ཤུལ(མཚོ་ཤར་)ཡན་ལག་སློབ་གྲྭའི་སློབ་མ1747སློབ་གྲྭར་བསྐྱར་ལོག་བྱས་པའི་དུས་མཚུངས་སུ། ནན་ཏན་སྒོས་ཞིབ་འཇུག་དང་མཐུན་སྦྱོར་འབྲེལ་མཐུད་བྱས་པ་བརྒྱུད། སྔ་གཞུག་ཏུ་སི་ཁྲོན་ཀོང་ཡོན་དང་ཧྲེན་དབྱང་ཤང་ཡུས་སློབ་འབྲིང་གི་ཡུལ་ཤུལ་གྱི་མཐོ་གསུམ་སློབ་མར་གནས་སྐབས་སུ་སློབ་འགོ་ཚུགས་པ་མ་ཟད་ཟི་ལིང་ཞའོ་ཏའོ་རྟེན་གཞིར་སློབ་ཁང་གླས་ནས་པེ་ཅིང་དགེ་འོས་སློབ་ཆེན་ཏ་ཤིན་ཞོར་གཏོགས་སློབ་འབྲིང་དང་། པེ་ཅིང་ཚོད་ལྟའི་སློབ་གྲྭ པེ་ཅིང་སློབ་ཆེན་ཞོར་གཏོགས་ཚོད་ལྟའི་སློབ་གྲྭ་བཅས་རྩ་འཛུགས་བྱས་ཏེ་གནས་སྐབས་ཀྱི་སློབ་ཁྲིད་འགོ་བརྩམས་པ་རེད།

ཡུལ་གཞན་གྱི་སློབ་གྲྭ་འགྲིམས་པའི་སློབ་མ་སློབ་གྲྭར་ལོག་པའི་ལས་དོན་ཧུར་ཐག་སྒོས་སྤེལ་བའི་དུས་མཚུངས་སུ། ཡུལ་ཤུལ་ཁུལ་གྱིས་རིམས་ནད་སྔོན་འགོག་དང་སློབ་འགོ་ཚུགས་པའི་ལས་དོན་ཕྱོགས་གཉིས་ཀ་དམ་འཛིན་དང་ཕྱོགས་གཉིས་ཀ་མི་ནོར་བར་མཐའ་འཁྱོངས་བྱས་པ་དང་། ཡུལ་གཞན་གྱི་སློབ་མའི་རིམས་ནད་སྔོན་འགོག་གི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ“གཅིག་ཀྱང་མི་ལུས་པའི”རྩ་དོན་ལྟར་སློབ་མའི་བྱ་སྤྱོད་ཀྱི་རྗེས་ཤུལ་དང་ཁྱིམ་དུ་ལོགས་སུ་བཀར་ཚུལ་སོགས་ནན་ཏན་སྒོས་ཞིབ་བཤེར་བྱས་པ་མ་ཟད། སློབ་གྲྭར་མ་ལོག་གོང་འཕྲོད་བསྟེན་དང་སྤྱི་བདེ་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་འོག ལུས་དྲོད་ཞིབ་དཔྱད་ཚད་ལེན་བྱས་པ་དང་དུས་མཚུངས་སུ། འགྲུལ་སྐྱེལ་རླངས་འཁོར་དུག་སེལ་ཐག་གཅོད་ཡག་པོ་བྱས་ནས་རིམས་འགོག་བྱ་ཐབས་སྣ་ཚོགས་ལག་བསྟར་བྱས། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།