སྐབས་དྲུག་པའི“རྒན་གཞོན་ཀུན་གྱིས་ལག་གདང་སྦྲེལ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་བྱེད་པའི”བྱེད་སྒོ་སྤེལ་བ།

微信图片_20200331094410.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས30ཉིན་མཚོ་སྔོན་ཞིང་ཆེན་སྒོ་ཁྲལ་ལས་དོན་ཨུ་ལྷན་གྱིས་ཞིང་ཆེན་ཏང་ཨུ་ལས་བྱེད་པ་རྒན་གྲས་ཅུའུ་དང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། གུང་གཞོན་ཚོགས་པའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་གཅིག་ཏུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྐབས་དྲུག་པའི“རྒན་གཞོན་ཀུན་གྱིས་ལག་གདང་སྦྲེལ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་བྱེད་པའི”བྱེད་སྒོ་སྤེལ་བ་རེད། ཞིང་ཆེན་སྒོ་ཁྲལ་ལས་དོན་ཨུ་ལྷན་གྱི་མཚན་འཛིན་ཀྲུའུ་རེན་སངས་རྒྱས་རྒྱལ་དང་། ཀྲུའུ་རེན་པད་མ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ། ཞིང་ཆེན་སྒོ་ཁྲལ་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཀྲའོ་ཆིས་ཀྲུང་དང་། ཀའོ་རུའུ་ཀྲའོ། ཀྲུའུ་རེན་གཞོན་པ་སུའུ་ཉིང་དང་ཧན་ཡུས་ཀུའེ་སོགས་མཛད་སྒོར་ཞུགས་པ་རེད།

微信图片_20200331094527.jpg

པད་མ་ཡིས་འགོ་འཛུགས་མཛད་སྒོའི་སྟེང་། 2015ལོ་ནས་བཟུང་ལོ་དྲུག་ལ་བསྟུད་མར“རྒན་གཞོན་ཀུན་གྱིས་ལག་གདང་སྦྲེལ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་བྱེད་པའི”བྱེད་སྒོ་སྤེལ་བས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ལ་ཉམས་མྱོང་དང་བློ་སྒོ་ཡང་ཕྱེ་ཡོད། ལོ་ངོ6གི་རིང་རྒྱུན་ཆད་མེད་པར་བྱེད་སྒོ་རྒྱ་ཆེར་བཏང་བ་དང་བརྗོད་དོན་གཙོ་བོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་སྣ་གཅིག་གིས“རྒན་གྲས་ལྔ”དང་གཞོན་ནུ་ལོ་ཆུང་ལ་སྐུལ་སློང་བྱས་ནས“རྒན་གྲས་ལྔ”དང་གཞོན་ནུ་ལོ་ཆུང་གཙོ་བྱས་པའི་སྤྱི་ཚོགས་ལས་རིགས་ཁག་རྒྱ་ཁྱབ་ངང་ཟབ་ཞུགས་བྱེད་པར་སྐུལ་ཁྲིད་བྱེད་པའི་རྣམ་པ་བཟང་པོ་མངོན་པ་དང་། སྡོང་འཛུགས་ལྗང་བསྒྱུར་བྱ་རྒྱུ་གཙོ་བོར་བྱས་ནས་སྡོང་འཛུགས་ལྗང་བསྒྱུར་བྱ་རྒྱུར་ཉེ་འགྲམ་གྱི་བྱ་བ་ཆུང་བ་ནས་འགོ་བརྩམས་ཏེ་ཉིན་ལྟར་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་གཙོ་བོར་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལག་ལེན་དངོས་ཀྱི་ཐོག་ནས་མི་སྣ་གསོ་སྐྱོང་བྱ་རྒྱུར་ཟུང་འབྲེལ་དམ་ཟབ་བྱེད་པ། “རྒན་གྲས་ལྔ—གཞོན་ནུ་ལོ་ཆུང་། ཁྱིམ་ཚང་། སྤྱི་ཚོགས”བཅས་ཀྱི་བརྒྱུད་འདྲེན་འབྲེལ་ཐག་བཟང་པོ་ཞིག་ཆགས་པ་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཞུགས་ཚད་མཐོ་རུ་ཕྱིན་ཡོད། ངེས་པར་དུ་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་བྱས་ནས“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོང་བཟང་པོ་བྱས་ནས་མཚོ་སྔོན་སྔོ་ལ། མཚོ་དང་མཚེའུ་དྭངས་བ། རི་ཀླུང་ལྗང་བ་བཅས་ཀྱི་རྣམ་པས་བསྐལ་བའི་བར་དུ་མཐོ་སྒང་གི་ས་གཞི་ཆེན་མོའི་སྟེང་གནས་ཐུབ་པ་བྱས་ནས“དྭངས་གཙང་གི་ཆུ་བོ་ཤར་ཕྱོགས་སུ་བཞུར་བར”འགན་ལེན་བྱ་དགོས་པར་བསྟན།

微信图片_20200331094421.jpg

མཚོ་ལྷོ་ཁུལ་དང་ཁྲི་ཀ་རྫོང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་དང་ས་གནས་དེ་གའི“རྒན་གྲས་ལྔ”དང་། གཞོན་ནུ་ལོ་ཆུང་གི་འཐུས་མི། གཞོན་ནུ་དང་བླངས་པ་བཅས་ཁྱོན་མི་གྲངས200ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད། མཛད་སྒོ་མཇུག་སྒྲིལ་རྗེས་ཚང་མས་མཉམ་དུ་སྔོ་ལྗང་དང་། རེ་བ། ཕུགས་འདུན་བཅས་མཚོན་པའི་སྡོང་ཕྲུག་བཙུགས། །

微信图片_20200331094447.jpg

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།