པཎྜིཏ་ཀུང་སིས་མདོ་དབུས་ཁམས་གསུམ་གྱི་སློབ་གསོར་ཞལ་འདེབས་ཕུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2020ལོའི་ཟླ 3 པའི་ཚེས 9 ཉིན། མཚོ་སྔོན་པཎྜིཏ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ལ་རིན་ཐང་སྒོར་ཁྲི 30 ཡི་དངོས་ཟོག་སྟེ། པཎྜི་ཏ་སློབ་གསོ་ཆ་འཕྲིན་ཅན་མ་ལག་དང་པཎྜིཏ་ལག་ཐོགས་རྩིས་འཁོར200ཞལ་འདེབས་སུ་ཕུལ་ནས། མཚོ་ལྷོ་ཁུལ་གྱི་སློབ་མ་ཁག་གཅིག་དྲ་ཐོག་སློབ་ཁྲིད་དུ་ཞུགས་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས།

1.png

མཚོ་ལྷོ་ཁུལ་ཏང་ཨུའི་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ།ཁུལ་སློབ་གསོ་ཅུའུ་ཅུའུ་ཀྲང་གཞོན་པ་ལི་ཡུན་གྱིས་ཞལ་འདེབས་འབུལ་བའི་མཛད་སྒོར་གཙོ་སྐྱོང་གནང་བ།

ལོ་འདིའི་ལོ་སྟོད་ལ། ཚབས་ཆེ་བའི་གློ་ཚད་རིམས་ནད་ཀྱིས་སློབ་གྲྭའི་རྒྱུན་ལྡན་གྱི་སློབ་ཁྲིད་འཆར་གཞི་ལ་འགོར་འགྱངས་བྱས་ཀྱང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མའི་ཁྲིད་མཚམས་བཞག་ཀྱང་བསླབ་མཚམས་མི་འཇོག་པའི་འགན་ལེན་བྱ་ཆེད། རང་ཞིང་གི་ས་གནས་ཁག་གིས་མགྱོགས་མྱུར་གྱིས་དྲ་ཐོག་སློབ་ཁྲིད་བསྒྲུབས། ཐེངས་འདིར་མཚོ་སྔོན་པཎྜི་ཏ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིས་གཏོང་ཕོད་ཀྱི་ཕྱག་ཟུང་རིང་དུ་བརྐྱངས་ནས། པཎྜིཏ་སློབ་གསོ་ཆ་འཕྲིན་ཅན་མ་ལག་དང་པཎྜིཏ་ལག་ཐོགས་རྩིས་འཁོར 200 ཞལ་འདེབས་སུ་ཕུལ་ནས། བྱིས་པ་རྣམས་ཀྱིས་དུས་ལྟར་སློབ་ཁྲིད་ལ་ཉན་ཐུབ་པར་རོགས་འདེགས་བྱས།

ཀུང་སིའི་འགན་འཛིན་པ་དཔའ་རྒོད་ཚེ་རིང་གིས། “ཐེངས་འདིའི་རིམས་ནད་སྔོན་འགོག་གི་དམིགས་བསལ་དུས་སྐབས་སུ། སློབ་གྲྭའི་རིམས་འགོག་གི་འགན་འཁྲི་ཧ་ཅང་ལྕི་བས། ཁེ་ལས་པ་ཞིག་གམ་སློབ་གསོ་སྡེ་ཁག་གི་མི་བུ་ཞིག་གི་ངོས་ནས་ང་ཚོས་ངེས་པར་ཏུ་འགན་འཁྲི་འཁུར་རོགས་བྱས་ནས་རང་རེའི་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་འདོན་དགོས་པ་མ་ཟད། ཐེངས་འདིའི་རིམས་འགོག་གི་དམག་འཁྲུག་ལ་རྒྱལ་ཁ་ལེན་ཐུབ་པ་ཁོ་བོར་ཡིད་ཆེས་བརྟན་པོ་ཡོད”ཅེས་བརྗོད། མཚོ་ལྷོ་ཁུལ་ཏང་ཨུའི་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ། ཁུལ་སློབ་གསོ་ཅུའུ་ཅུའུ་ཀྲང་གཞོན་པ་ལི་ཡུན་གྱིས་སློབ་གསོ་ཅུའུ་ཡི་ཚབ་ཏུ་ཞལ་འདེབས་དང་ལེན་བྱས་ཤིང་། ཁོས་བཤད་རྒྱུར། “རིམས་ནད་སྔོན་འགོག་གི་དངོས་ཟོག་གཅིག་ཏུ་འདུས་པ་ནི་སྤྱི་ཚོགས་ཀྱི་ཐུགས་ཁུར་དང་སྤྱི་ཚོགས་ཀྱི་གཅེས་སེམས་རེད། དངོས་ཟོག་འདི་དག་གིས་སློབ་གྲྭའི་དྲ་ཐོག་སློབ་ཁྲིད་ཀྱི་གནོན་ཤུགས་ཆུང་དུ་བཏང་བ་མ་ཟད། ང་ཚོས་གཅེས་སེམས་ཁེ་ལས་ཀྱིས་སློབ་གྲྭར་ཐུགས་ཁུར་དང་རོགས་རམ་གནང་བར་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་བ་དང་བླ་མེད་ཀྱི་གུས་འདུད་ཞུ་རྒྱུ་ཡིན། སློབ་གྲྭའི་ཐད་ནས་ཞལ་འདེབས་སུ་ཕུལ་བའི་རིམས་འགོག་དངོས་ཟོག་མཐའ་དག་ལ་དོ་དམ་ནན་མོ་བྱས་ཏེ་ཚང་མ་སློབ་རའི་ནད་ཡམས་སྔོན་འགོག་དང་ནད་ཡམས་འགོག་པའི་ཐད་སྤྱད་དེ། ཕྱོགས་ཡོངས་ནས་སློབ་རའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་ནུས་ཤུགས་ཡོད་རྒུ་བཏོན་ཏེ་བྱ་བ་མཐའ་འཁྱོངས་བྱེད་དགོས”ཞེས་བརྗོད་དོ།།

འབྲོག་ཁུལ་གྱི་འཕེལ་རྒྱས་ལ་སེམས་ཁུར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་གི་སློབ་གསོ་ལ་རྒྱབ་སྐྱོར་བྱས།

ཟླ་གསུམ་པའི་དཔྱིད་ཀྱི་མགོ་མ་ཚེས་པའི་དུས་འདིར། བརྩེ་སེམས་ཀྱི་ཞལ་འདེབས་ཀྱིས་མི་སེམས་བསྒུལ། སྤྱི་ལོ2020ལོའི་ཟླ3པའི་ཚེས20ཉིན། མཚོ་སྔོན་ཟི་ལིང་གླིང་ཕྲན་ཆུང་ངུའི་ལྟེ་གནས(小岛基地)ནས་མཚོ་སྔོན་པཎྜིཏ་ཚན་རྩལ་ཚད་ཡོད་ཀུང་སིས་ཞལ་འདེབས་ཀྱི་མཛད་སྒོ་སྤེལ། ངེད་ཀྱིས་འབྲི་སྟོད་རྫོང་གི་སློབ་གསོ་འཕེལ་རྒྱས་ཀྱི་ཕྱོགས་ལ་རིན་ཐང་སྒོར་ཁྲི7.5ཡི་པཎྜིཏ་སློབ་གསོ་ཆ་འཕྲིན་ཅན་མ་ལག་དང་ལག་ཐོགས་རྩིས་འཁོར50ཕུལ། བརྩེ་སེམས་འདི་དུས་དང་བར་ཐག་ལས་བརྒལ་ཏེ་ཧ་ཅང་དགོས་མཁོ་ཆེ་བའི་སློབ་བུ་ཚོའི་ལག་ཏུ་འབྱོར་སོང་།

2.png

འབྲི་སྟོད་རྫོང་གི་སློབ་གསོ་ཅུའུ་ཡི་འགན་ལེན་པས་མཚོ་སྔོན་པཎྜིཏ་ཚན་རྩལ་ཚད་ཡོད་ཀུང་སིའི་ཞལ་འདེབས་དངོས་ཟོག་དང་ལེན་བྱེད་ཞོར་བཤད་རྒྱུར། སློབ་གསོ་ཅུའུ་ཡིས་དངོས་ཟོག་ལ་དོ་དམ་ལེགས་པོ་བྱས་ནས་དགོས་གལ་ཆེ་བའི་སློབ་བུའི་ལག་ཏུ་སྤྲོད་ངེས་ཡིན་ལ། ཐེངས་འདིས་བརྩེ་སེམས་ཞལ་འདེབས་བྱ་འགུལ་གྱིས། ངེད་འབྲི་སྟོད་རྫོང་ལ་དངོས་ཟོག་གི་རོགས་སྐྱོར་བྱས་པ་ཙམ་མ་ཡིན་པར། ངེད་རྫོང་གི་སློབ་གསོ་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ལ། སྟབས་བདེ་བའི་སློབ་གསོ་ཆ་འཕྲིན་ཅན་མ་ལག་གིས་ངེད་རྫོང་གི་དགེ་རྒན་རྣམ་ལ་གར་སྟེགས་གསར་བ་ཞིག་བསྐྲུན་པ་མ་ཟད། སློབ་བུ་དག་ལའང་སློབ་སྦྱོང་གི་ཁོར་ཡུག་གསར་བ་ཞིག་བསྣན་པ་ཡིན་ཞེས་བརྗོད་དེ། རྫོང་རིམ་པའི་སེམས་འདུན་མཚོན་བྱེད་ཀྱི་བཀའ་དྲིན་དར་ཆ་ཀུང་སི་ལ་སྤྲད། །

བརྩེ་སེམས་ཀྱི་དཔྱིད་དཔལ། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་སློབ་གསོ་ཅུའུ་ལ་ལྷག་བསམ་ཅན་གྱི་ཁེ་ལས་པས་དངོས་ཟོག་གི་རོགས་སྐྱོར་མཛད།

སྤྱི་ལོ2020ལོའི་ཟླ3པའི་ཚེས་27ཉིན། མཚོ་སྔོན་པཎྜིཏ་ཚན་རྩལ་ཚད་ཡོད་ཀུང་སིས་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་མི་དམངས་སྲིད་གཞུང་སློབ་གསོ་ཅུའུ་ལ་རིན་ཐང་སྒོར་ཁྲི་བཞི་ཡི་པཎྜིཏ་ལག་ཐོགས་རྩིས་འཁོར་དང་པཎྜིཏ་སློབ་གསོ་ཆ་འཕྲིན་ཅན་མ་ལག་ཞལ་འདེབས་སུ་ཕུལ་བ་ཡིས། བཞད་མཐོང་སྨོན་རྫོང་གི་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་ཡོད་པ་མ་ཟད། བཞད་མཐོང་སྨོན་རྫོང་གི་དགེ་སློབ་ཚོ་ལ་གར་སྟེགས་གསར་བ་ཞིག་དང་རང་ཉིད་འཕེལ་རྒྱས་ཀྱི་ལམ་བུ་གསར་ཞིག་བསྐྲུན་ཡོད།

ཀུང་སིས་འགན་འཛིན་པ་དཔའ་རྒོད་ཚེ་རིང་གིས་བཤད་རྒྱུར། མི་རིགས་ས་ཁུལ་གྱི་སློབ་གསོའི་འཕེལ་རྒྱས་ལ་སེམས་ཁུར་བྱེད་རྒྱུ་ནི་ཁེ་ལས་བ་དང་སློབ་གསོ་སྡེ་ཁག་སོ་སོས་འོས་འགན་ཡིན་ལ། ང་ཚོས་ཀུང་སི་འདི་གསར་གཏོད་བྱས་པ་ནས། སློབ་གསོའི་ཕྱོགས་ལ་རོགས་སྐྱོར་བྱ་རྒྱུ་ནི་ཐོག་མའི་དམ་བཅའ་ཡིན་པས། ཐེངས་འདིས་སློབ་གསོའི་ཡོ་ཆས་ཀྱི་རོགས་སྐྱོར་གྱིས་བཞད་མཐོང་སྨོན་རྫོང་གི་དགེ་སློབ་ཚོ་དྲ་ཐོག་སློབ་གསོའི་ཕྱོགས་ལ་བསྐྱོད་པའི་རམ་འདེགས་སུ་འགྱུར་ནུས་པའི་རེ་བ་ཡོད་དོ་ཞེས་བརྗོད།།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།