ཝང་ཀྲིན་ཧྲིན་གྱིས་སྤྱི་བདེ་ལས་ཁུངས་ཀྱི་རིམས་ནད་འགོག་རྒོལ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲོས་ཚོགས་སྟེང་ལྟ་སྐུལ་འཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་གྱིས་སྤྱི་བདེ་ལས་ཁུངས་ཀྱིས་གནད་ལ་འཁེལ་བའི་སྒོ་ནས་རིམས་ནད་འགོག་རྒོལ་དང་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བའི་བྱ་བའི་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་མི་དམངས་སྲིད་གཞུང་སོགས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་གཙོ་བོ་སློབ་སྦྱོང་བརྒྱུད་སྒྲོག་བྱས་པར་མ་ཟད་རིམས་ནད་འགོག་རྒོལ་དང་དབུལ་ཐར་མཁྲེགས་གཏོར་སོགས་ཀྱི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

ཝང་ཀྲིན་ཧྲིན་གྱིས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཐའ་གཅིག་ཏུ་དངོས་འབེབ་དོན་འཁྱོལ་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བཟུང་སྟེ་བདེ་འཇགས་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་ཆས་ལེགས་སྒྲིག དམངས་ཚིས་འགན་སྲུང་ཐག་གཅོད། དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སོགས་སུ་རོགས་རེས་བྱས་ཏེ་བྱ་བ་དངོས་ལ་རོགས་རམ་བྱེད་པ་ཤུགས་འདོན་ས་དང་ཁ་གཏད་ས་གཙོ་བོ་བྱས་ཏེ་ངལ་རྩོལ་གྱི་ཐོན་ཁུངས་ལེགས་སྒྲིག་དང་དབུལ་སྐྱོར་བྱ་བའི་དཔེ་ལེགས་ལས་བྱེད་པ་བཀོད་སྒྲིག་བྱས་ཤིང་ས་ཁུལ་གྱི་གནས་ཚུལ་དངོས་ལ་གཞིགས་ཏེ་སྲིད་ཇུས་སྤྱད་ནས། དབུལ་སྐྱོར་འབྲེལ་གནས་ཟི་ལིང་དང་མཚོ་ཤར། ཡུལ་ཤུལ་སོགས་གྲོང་ཁྱེར་གསུམ་དང་ཁུལ་བཅུ་གཉིས་ཀྱི་དབུལ་ཕོངས་སྡེ་བའི་རྣམ་པ་གསར་ཏུ་བརྗེས་ཤིང་མི་དམངས་ཀྱི་འཚོ་བ་མངོན་གསལ་གྱིས་ཇེ་ལེགས་ལ་སོང་བས་སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་བསྔགས་བརྗོད་ཚད་མེད་ཐོབ།

ཝང་ཀྲིན་ཧྲིན་གྱིས་བསྟན་དོན། མིག་སྔར་ནི་རིམས་ནད་སྔོན་འགོག་དང་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་ལ་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་སུ་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་སྤྱིའི་བཀའ་རྒྱ་བསྒྲགས་ཟིན་པས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རང་རེའི་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་ཟིན། སྐབས་འདི་ནི་སྤྱི་བདེ་ལས་ཁུངས་ཀྱིས་བློ་གྲོས་དང་སྟོབས་ཤུགས་འབུལ་བའི་དུས་སུ་སླེབས་ཡོད་པས་ཚད་མཐོའི་ཁྱོན་ཡོངས་རང་བཞིན་གྱིས་རིམས་ནད་སྔོན་འགོག་དང་དབུལ་ཐར་མཁྲེགས་གཏོར་ལ་གཅིག་གྱུར་གྱིས་འཆར་འགོད་དང་སྐུལ་འདེད་བྱས་ཏེ་བྱ་བའི་ཚད་ཐིག་རང་བཞིན་མཐོར་འདེགས་བཏང་སྟེ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་སྤྱི་ཚོགས་རྒྱུད་མཐུད་སྒོས་གཏན་འཇགས་ཡོང་བར་འགན་ལེན་ཁག་ཐེག་བྱ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།