ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱི་རྒྱལ་ནས་མཚོ་སྔོན་ལ་སླེབས་པའི་སྐུ་མགྲོན་དག་གི་རིམས་ནད་ཞིབ་བཤེར་བྱ་བར་ལེགས་པོར་སྒྲུབ་ཆེད། ཟླ5པའི་ཚེས25ཉིན་ཀྱིས་མཚན་མོའི་དུས་ཚོད12ནས་ཁྱོན་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི“ཡིད་རྟོན་བདེ་ཐང་སྒྲིག་ཨང”ལག་བསྟར་བྱེད་རྒྱུ་ཡིན་པ་དང་། གནམ་གྲུ་ཐང་གི་ས་གནས་སོ་སོ་དང་འགྲུལ་སྐྱེལ་རླངས་འཁོར་ལ་འདུག་མཁན་གྱི་སྐུ་མགྲོན་ཚང་མས་“ཡིད་རྟོན་བདེ་ཐང་སྒྲིག་ཨང”ནས་ཞིབ་བཤེར་དང་ལེན་བྱེད་དགོས་པས། དེས་རང་ཞིང་གི་རིམས་ནད་སྔོན་འགོག་དང་ལས་ཐོན་བསྐྱར་ཚུགས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཐུབ།
གཞན་ད་རུང་ཉེ་ལམ་ཕྱི་རྒྱལ་གྱི་རིམས་ནད་གནས་ཚུལ་ལ་དམིགས་ཏེ། མཚོ་སྔོན་གནམ་གྲུ་ཐང་ཀུང་ཟིས་ཁྱོན་ཡོངས་ནས་རིམས་ནད་སྔོན་འགོག་དང་ཐོན་སྐྱེད་འཁོར་སྐྱོད་འགན་སྲུང་བྱ་བར་བཀོད་སྒྲིག་བྱས་པ་དང་། ཚོང་གཉེར་སླར་གསོ་འོས་འཚམ་གྱིས་བཀོད་སྒྲིག་བྱེད་པ། ཐད་གཅོད་སྒྲིག་རིམ་བསྟུན་མར་བཟོ་བཅོས་བྱེད་པ། ས་གནས་ཁག་དང་མཐུན་སྦྱོར་མཉམ་ལས་ཐད་ཤུགས་བསྣན་པ། རིམས་འགོག་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་པ་སོགས་ཕྱི་རྒྱལ་ནས་རིམས་ནད་རང་ཞིང་དུ་ཐོན་པར་སྔོན་འགོག་བྱས། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
མཚོ་སྔོན་གནམ་གྲུ་ཐང་ཀུང་ཟིས“ཡིད་རྟོན་བདེ་ཐང་སྒྲིག་ཨང”ལག་བསྟར་བྱས་ཏེ་རིམས་ནད་སྔོན་འགོག་ལ་ཤུགས་བསྣན་པ།